འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།བྱིས་པ་ལོ་7ཅན་ཞིག་ལ་རྡོག་རྒྱག་གཞུས་ནས་རྐྱེན་ལམ་ཤོར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཀོང་ཀྲོའུ་ཐན་ཧོ་སྤྱི་བདེ་གཞུང་ཕྱོགས་པོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་25ཉིན་གྱི་ཆུ་ཚོད་13ཙམ་ལ། ཀོང་ཀྲོའུ་གྲོང་ཁྱེར་ཐན་ཧོ་ཆུས་ཀྱི་སྔ་ཁྲིད་སྒྲིག་གཞི་ཞིག་གི་འགན་འཁུར་བ་ཝང་ཆེ་གེ་མོ(མོ། ལོ་48)ཡིས་བྱིས་པ་ཧུང་ཆེ་གེ་མོ་(ལོ་7)ལ་དོ་དམ་སློབ་སྐྱོང་བྱེད་སྐབས། བྱིས་པར་རྡོག་རྒྱག་གཞུས་ཏེ་ས་ལ་འགྱེལ་ནས་རྨས་སྐྱོན་ཕོག དེའི་རྗེས་སུ་བྱིས་པ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། བརྟག་དཔྱད་བྱས་འབྲས་ལས་དེའི་ཀླད་ཁྱིམ་ལ་རྨས་སྐྱོན་ཕོག་པ་མངོན།
   ཟླ་5ཚེས་26ཉིན། བུ་ཕྲུག་དེའི་ཨ་མས་ཐན་ཧོ་ཉེན་རྟོག་ཕྱོགས་ལ་ཉེན་བརྡ་བཏང་། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་ཐག་གཅོད་བྱེད་མཁན་མི་སྣ་མངགས་པ་མ་ཟད། དོགས་ཡོད་མི་སྣ་ཝང་ཆེ་གེ་མོ་ཚོད་འཛིན་བྱས། ཟླ་6ཚེས་20ཉིན་གྱི་ཞོགས་པར། རྨས་སྐྱོན་ཕོག་པའི་བྱིས་པ་སྨན་ཁང་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པས་གྲོངས་པ་རེད།
   ཞིབ་དཔྱོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རྐང་བཙུགས་ནས་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པའི་རྐྱེན་གྱིས་ཝང་ཆེ་གེ་མོ་ཐན་ཧོ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་འཛིན་བཟུང་བྱས་པ་རེད། མིག་སྔར་གྱོད་གཞི་འདི་སྔར་བཞིན་མྱུལ་ཞིབ་བྱེད་པའི་སྒང་ཡིན།