འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་གློག་བརྙན་ཁྲེང་ཏུར་ཐོག་མར་བསྟན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཀྲུང་གོའི་ཇོ་མོ་གླང་མར་འཛེགས་པའི་བརྒྱུད་རིམ་ཧྲིལ་པོ་འཁོད་པའི་གློག་བརྙན《ཇོ་མོ་གླང་མའི་རུ་དཔོན》ཞེས་པ་གོ་ལ་ཧྲིལ་པོར་ཐོག་མར་སྟོན་པའི་འགོ་འཛུགས་མཛད་སྒོ་ཁྲེང་ཏུར་གཉེར་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་གློག་བརྙན་གྱི་རི་མཐོའི་པར་ལེན་མཁས་ཅན་བདུན་ནི“ཁྲོན་བོད་རུ་ཁག”གི་རི་མཐོའི་ལམ་སྟོན་ཚོགས་པ་ནས་རེད། ལོ་མང་རིང་ཚོགས་པ་དེས་རི་འཛེགས་ཀྱི་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་དུས་མཚུངས། རི་མཐོའི་པར་ལེན་ལག་རྩལ་སློབ་སྦྱོང་བྱས་ཡོད། 《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་པར་ལེན་བརྒྱུད་རིམ་ནང་ས་བབ་མཐོ་ཚད་སྨི་8470.2ཟིན་པའི་སར་མི་མེད་གནམ་གྲུའི་པར་ལེན་བྱས་ཡོད་ཅིང་། དེ་ནི་མིག་སྔར་ས་བབ་མཐོ་ཤོས་སུ་མི་མེད་གནམ་གྲུ་སྤྱད་དེ་པར་ལེན་བྱས་པའི་གློག་བརྙན་ཞིག་རེད།