འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།བོད་ལྗོངས་ནས་དུག་རྫས་སྐྱེལ་འདྲེན་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ནས་དུག་རྫས་སྐྱེལ་འདྲེན་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད།
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་སྤྱི་བདེ་དུག་འགོག་སྡེ་ཁག་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུག་འགོག་སྤྱི་ཁྱབ་རུ་ཁག་གི་མཐུན་སྦྱོར་འོག་དང་། འབྲེལ་ཡོད་སྡེ་ཁག་གི་གཞོགས་འདེགས་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ཞིང་རའི་ཉེ་འགྲམ་དུ་ཞིང་ཆེན་བརྒལ་ནས་དུག་རྫས་སྐྱེལ་འདྲེན་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་ཆིང་ཆེ་གེ་མོ་གཉིས་འཛིན་བཟུང་བྱས་པ་མ་ཟད། དུག་རྫས་འཁྱགས་དུག་ཡིན་དོགས་དངོས་པོ་ཁེ་336.5གཞུང་བཞེས་བཏང་བ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་རླངས་འཁོར་གཅིག་བཙན་ཉར་བྱས་པ་རེད།
    ཐོལ་བྱུང་བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་2པོས་རང་ཉིད་ཀྱིས་དུག་རྫས་སྐྱེལ་འདྲེན་བྱེད་པའི་དོགས་གཞི་ཡོད་པར་ངོས་ལེན་ཞུས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་2ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་མྱུལ་ཞིབ་བྱེད་སྒང་ཡིན།