འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཁྲིམས་ཚད་ཀྱི་ཚད་གཞི་གཅིག་གྱུར་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བ·མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་དུད་སྣེར་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་སྡེ་ཚན་གྱིས《ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཁྲིམས་ཚད་ཀྱི་ཚད་གཞི》(གཤམ་དུ《ཁྲིམས་ཚད་ཀྱི་ཚད་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཟོས་ནས་ཡོངས་བསྒྲགས་བྱས་ཤིང་། ཟླ་7ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་སྲིད་འཛིན་ཆད་གཅོད་ས་ཁོངས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་མངོན་འགྱུར་དང་། ལན་ཀྲོའུ་དང་ཟི་ལིང་ཡུག་སྦྲེལ་གྲོང་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཁུལ་ཁོངས་མཉམ་སྒྲུབ་མཉམ་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་ཁྲལ་བསྡུའི་གཉེར་སྐྱོང་ཁོར་ཡུག་ཡག་པོ་ཞིག་གཏོད་ཀྱི་ཡོད།
    ཤེས་རྟོགས་བྱུང་བར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཁྲིམས་ཚད་ཀྱི་ཚད་གཞི་གཅིག་གྱུར་བྱེད་པ་ནི་ལན་ཀྲོའུ་དང་ཟི་ལིང་ཡུག་སྦྲེལ་གྲོང་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཤིག་རེད།《ཁྲིམས་ཚད་ཀྱི་ཚད་གཞིའི》ནང་ཁྲལ་དོན་ཐོ་འགོད་དོ་དམ་དང་། རྩིས་ཐོ་དཔང་འཛིན་དོ་དམ། སྤ་སེ་དང་འཛིན་ཡིག་དོ་དམ། འདུན་ཞུའི་དོ་དམ། ཁྲལ་དངུལ་འཇལ་སྤྲོད། ཁྲལ་དོན་ཞིབ་བཤེར། ཁྲལ་འཇལ་ཁག་ཐེག གྲོས་མཐུན་དཔྱ་ཁྲལ་འོས་འགན་སོགས་ལས་འགལ་བའི་རིགས་ཆེ་གྲས་8དང་དོན་ཚན་52ཀྱི་ཁྲལ་དོན་ཁྲིམས་འགལ་དོན་ཚན་ཁག་ཁྲིམས་འགན་འཁུར་བའི་ཚད་གཞིའི་ནང་ཁྲིམས་ཚད་ཀྱི་ཚད་གཞི་གཏན་འཁེལ་བྱས་ཡོད་པ་དང་། ཁྲིམས་ཚད་ཞིབ་ཕྲ་དང་ཁྲིམས་ཚད་ཀྱི་བར་མཐོངས་ཆུང་དུ་བཏང་ནས་ཁྲིམས་སྐྱོང་སྔར་བས་གནད་སྨིན་ཡག་པོ་ཡོང་བར་བྱས་ཏེ་སྲིད་འཛིན་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི《ཁྲིམས་ཚད་ཀྱི་ཚད་གཞིའི》ནང་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་གྱི་དེ་སྔའི“ཁྲིམས་འགལ་ཐེངས་དང་པོར་ཆད་པ་མི་གཅོད་པ”དང“ཆད་པ་གཅོད་པའི”རྩིས་ཐོ་གཅིག་གྱུར་བྱས་ཏེ། “ཁྲིམས་འགལ་ཐེངས་དང་པོར་ཆད་པ་མི་གཅོད་པའི”དོན་ཚན་14དང“ཆད་པ་མི་གཅོད་པའི”དོན་ཚན་7གཏན་འཁེལ་བྱས་ཤིང་། རང་བྱུང་ལོ་འཁོར་གཅིག་ནང་གཏན་འབེབས་དེ་ལས་འགལ་ནས་གནོད་སྐྱོན་ཆུང་བའི་རིགས་ཀྱིས་ཁྲལ་དོན་ལས་ཁུངས་ཀྱིས་ཤེས་རྟོགས་མ་བྱས་གོང་རང་འགུལ་ངང་ཡོ་བསྲང་བྱེད་པའམ་ཡང་ན་ཁྲལ་དོན་ལས་ཁུངས་ཀྱིས་དུས་བཀག་ཡོ་བསྲང་གི་དུས་ཡུན་ནང་ཡོ་བསྲང་བྱས་པའི་རིགས་ལ་ཆད་གཅོད་མི་བྱེད་པ་དང་འབྲེལ་ཁས་ལེན་ཡི་གེ་བྲིས་ནས་ཁྲལ་འཇལ་མཁན་གྱིས་རང་རྟོགས་ངང་ཁྲིམས་སྲུང་དགོས་པའི་སློབ་གསོ་དང་། ཁྲིད་སྟོན། ལྟ་སྐུལ་བཅས་བྱེད་ཀྱི་ཡོད། ཁྲལ་འཇལ་མཁན་གྱིས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་དོན་ཚན་རྒྱ་ཆེར་བཏང་བ་བརྒྱུད། “རང་འགུལ་གྱི་སྒྲིག་ལམ”རྒྱུན་གཏན་འཁོར་སྐྱོད་ཐུབ་པ་དང་། ཞི་འཇམ་ཁྲིམས་སྐྱོང་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་གསོ་ཐེབས་པ། ཁྲལ་བསྡུའི་བཅའ་ཁྲིམས་བརྩི་སྲུང་བྱེད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་བའི་མ་གནས་དམའ་རུ་གཏོང་བར་བརྩི་སྲུང་གིས་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱིས་མིག་སྔའི་དཔལ་འབྱོར་གནོན་ཤུགས་ལས་ཁྲལ་དོན་ཁྲིམས་སྐྱོང་གི་ཕན་བདེ་ཚོར་ཐུབ་པ་བྱེད་ཀྱི་ཡོད།