འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་15ཉིན།

༄༅།།ཁུ་པས་རྒྱལ་ཁབ་70ལྷག་གི་ཚབ་བྱས་ནས་ངོ་རྒོལ་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་15ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན། སུའེ་ཙེར་གྱི་ཇེ་ནེ་ཝར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་50པའི་ཚོགས་འདུའི་ཐོག   ཁུ་པས་རྒྱལ་ཁབ་70ཉེ་བའི་འཐུས་ཚབ་བྱས་ཏེ་ཐུན་མོང་གི་གཏམ་བཤད་བྱས་ནས། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་རེད་ཅེས་བཤད་པ་རེད། ཞིན་ཅང་དང་། ཞང་ཀང་། བོད་ལྗོངས་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་རེད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་ཅན་དང་ཚད་གཞི་ཉིས་བརྩེགས་ཅན་ལ་འགྱུར་བར་ངོ་རྒོལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས།
     ཐུན་མོང་གི་གཏམ་བཤད་སྤེལ་སྐབས་བཤད་དོན། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་བྱས་ནས། ཡོངས་ཁྱབ་རང་བཞིན་དང་། དྲང་གཞག་རང་བཞིན། དོན་དངོས་དང་མཐུན་པའི་རང་བཞིན། གདམ་ག་མིན་པའི་རང་བཞིན་སོགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་རང་བདག་ངང་འཕེལ་རྒྱས་ཀྱི་ལམ་བུ་འདེམས་པའི་དབང་ཆར་བརྩི་འཇོག་བྱེད་དགོས་པ། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལ་གཅིག་མཚུངས་ངང་མཐོང་ཆེན་བྱེད་དགོས་པ། ལྷག་དོན་དུ་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་མཐོང་ཆེན་གང་ལེགས་བྱེད་དགོས།
     ཐུན་མོང་གི་གཏམ་བཤད་སྤེལ་ནས་བསྟན་དོན། མིའི་རིགས་ཀྱི་སྤྱི་ཚོགས་ལ་ཏོག་གསར་རིམས་ནད་ཚུད་པའི་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བཅས་བྱེད་དགོས།
གཞན་ཡང་། རྒྱལ་ཁབ་20ལྷག་ཙམ་གྱིས་གཅིག་པུས་གཏམ་བཤད་སྤེལ་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་ཀྲུང་གོར་རྒྱབ་སྐྱོར་བྱས་ཡོད། ཁྱོན་རྒྱལ་ཁབ་བརྒྱ་ལ་ཉེ་བས་བྱེད་སྟངས་མི་འདྲ་བའི་ཐོག་ནས་ཀྲུང་གོའི་ཚུལ་མཐུན་ལངས་ཕྱོགས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་ཡོད།