འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་12ཉིན།

༄༅།།རི་བོ་སྔོན་པོར་འགྱུར། ཞིང་པར་འབབ་འཕར་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་6ཚེས་8ཉིན་པར་བླངས་པའི་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཏུའུ་ལུང་ཅང་ཤང་རོང་ཁུལ་གྱི་ཡུལ་ལྗོངས་ཡིན་པ།
འདི་ནི་ཟླ་6ཚེས་8ཉིན་པར་བླངས་པའི་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཏུའུ་ལུང་ཅང་ཤང་རོང་ཁུལ་གྱི་ཡུལ་ལྗོངས་ཡིན་པ།
     ཉེ་བའི་ལོ་ཤས་རིང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་ཆེད། ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ཡིས་གནས་སྤོས་མང་ཚོགས་ཀྱི་ཁང་ས་དང་། འགན་གཙང་ས་ཞིང་། ནགས་རི་བཅས་བརྒྱུད་བཤུག་བཏང་ནས་གྲོང་གསེབ་ས་ཆའི་ཐོན་ཁུངས་ཀྱི་གཏིང་ཤུགས་འདོན་སྤེལ་བྱས་པ་དང་། ཀ་ཀོ་ལ་དང་གཡེར་མ་སོགས་ཀྱི་འབྱུང་འཕྲོད་སྐྱེ་ཁམས་ཐོན་ལས་གོང་འཕེལ་བཏང་བས་རི་བོ་སྔོན་པོར་གྱུར་པ་དང་མང་ཚོགས་ལ་འབབ་འཕར་བྱུང་ཡོད། རྒྱལ་མོ་རྔུལ་ཆུ་ཀྲོའུ་ཡིས་ན་ནིང་ནགས་བཟོ་མུའུ་ཁྲི་10ལྷག་ཙམ་བྱས་པ་དང་ནགས་གསེབ་ཀྱི་ཀ་ཀོ་ལའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་4ཟིན་གྱི་ཡོད་པ་རེད།