འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་1ཉིན།

༄༅།།དབྱིན་ཧུང་ཀྲུང་གུང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་01ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན། ཀྲུང་གུང་ཀན་སུའུ་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་དབྱིན་ཧུང་ཞིང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་། རེན་ཀྲན་ཧེ(ཐུའུ་ཅ་རིགས)དང་ཝང་ཅ་དབྱི་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་པ། ཝང་ཧྥུའུ་དང་། ཧྲེ་མོའུ་ཅུན(མེའོ་རིགས) ཀྲུའུ་ཐན་ཧྲུའུ། ཁྲེང་ཤའོ་པོ། སུན་ཞུའེ་ཐའོ། ལིའུ་ཁྲང་ཀེན། ཀྲང་ཅིན་ཀང་། ཀྲང་ཡུང་ཞ(བུད་མེད) ཀྲོའུ་ཝེ་བཅས་ཞིང་ཨུད་ཀྱི་རྒྱུན་ཨུར་བདམས་པ་རེད། ཀྲུང་གུང་ཀན་སུའུ་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཝང་ཧྥུའུ་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་། ཀྲང་ཝེ་དང་། ལི་ཧྲའུ་ཝེ། ཏེང་ཧའེ་ཐའོ། ཀུང་ཁྲང་མིང་བཅས་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་པ་རེད།