འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།ཁྲིམས་འགལ་གྱི་རྩ་འཛུགས་འདི་དག་ཚང་མ་མེད་པར་བཟོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་དམངས་སྲིད་པུས་ཁྲིམས་ལྟར་སྤྱི་ཚོགས་ལ་ཁག་བཅུ་གཅིག་པའི་ས་གནས་དམངས་སྲིད་སྡེ་ཁག་གིས་ཁྲིམས་ལྟར་མེད་པར་བཟོས་པའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཁག་ཅིག་གི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད། དེའི་ནང་ཀྲུང་གོའི་མི་རིགས་རི་མོ་གླིང་དང་ཁུང་ཙི་རུའུ་ལུགས་དམངས་གཙོ་ཡར་སྐུལ་མཐུན་ཚོགས་སོགས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་10ཚུད་ཡོད་པ་རེད།
     དམངས་སྲིད་པུས་སྤྱི་དམངས་ལ་དྲན་སྐུལ་བྱས་དོན། གལ་ཏེ་མིང་ཐོའི་ནང་གི་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱིས་སྔར་བཞིན་བྱེད་སྒོ་སྤེལ་བ་ཤེས་ཚེ། ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་ཆོག སྤྱི་ཚོགས་རྩ་འཛུགས་དང་མཉམ་ལས་བྱེད་པའམ་ཡང་ན་དེའི་བྱེད་སྒོའི་ནང་ཞུགས་སྐབས། “ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས”ཀྱི་དྲ་ཚིགས་བརྒྱུད་དེའི་ཐོབ་ཐང་ཞིབ་དཔྱད་བྱས་ནས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།