འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་19ཉིན།

༄༅།།བཅུད་ལྡན་གུང་ཟས་ཀྱིས་བོད་ལྗོངས་ལྷ་སའི་སློབ་ཆུང་གི་སློབ་ཕྲུག་ཁྲི་གཅིག་ལྷག་ཙམ་ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་19ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་སློབ་ཆུང་གི་སློབ་ཕྲུག་གིས་བཅུད་ལྡན་གུང་ཟས་ཟ་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་སློབ་ཆུང་གི་སློབ་ཕྲུག་གིས་བཅུད་ལྡན་གུང་ཟས་ཟ་བཞིན་པ།
     བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་ཆུང་ཁག་གཅིག་ཏུ་ཟ་ཁང་མེད། དེར་བརྟེན་ཁྲེང་ཀོན་ཆུས་ཀྱིས་2020ལོའི་ཟླ་བརྒྱད་པར་མ་དངུལ་བཏང་ནས་ཐབ་ཚང་ཨ་མ་སྐྲུན་འགོ་ཚུགས་ཤིང་། ལོ་གཅིག་ལྷག་ཙམ་བཟོ་སྐྲུན་དང་། ལེགས་སྒྲིག ཚོད་ལྟའི་གཉེར་སྐྱོང་བཅས་བྱས་པ་བརྒྱུད། ཐབ་ཚང་ཨ་མ་ནས་2022ལོའི་ཟླ་གསུམ་པ་ནས་བཟུང་སློབ་ཆུང་མང་པོར་ཁ་ལག་སྡེབ་སྐྱེལ་བྱས་པ་རེད། མིག་སྔར་ཟ་ཁང་མེད་པའི་སློབ་ཆུང་དྲུག་གི་སློབ་ཕྲུག་12000ལ་ཐབ་ཚང་ཨ་མ་ནས་མཁོ་འདོན་བྱས་པའི་བཅུད་ལྡན་གུང་ཟས་སྐྱེལ་གྱི་ཡོད།