འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་18ཉིན།

༄༅།།ཡུན་ནན་བདེ་ཆེན་ཀྲོའུ་ཡི་ཁྱབ་ཁོངས་ནས་བྱང་བྱིའུ་ཡི་རིགས་ཐོག་མར་ཤེས་ནས་ཟིན་ཐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་18ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཡུན་ནན་ཞིང་ཆེན་འཇོལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་བདེ་ཆེན་ཡན་ལག་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱེད་རིང་། སྔར་མཐོང་མྱོང་མེད་པའི་བྱ་རིགས་ཤིག་ལྟ་ཞིབ་ཚད་ལེན་ཐུབ་པ་དང་པར་བརྒྱབ་ནས་ཉར་བ་དེ་ཏ་ལི་སློབ་ཆེན་གྱི་བྱ་རིགས་རིགས་གཅིག་མཁས་ཅན་གྱིས་བྱང་བྱིའུ་ཡིན་པའི་གཏན་འཁེལ་བྱས་པ་རེད།
     བདེ་ཆེན་འཇོལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། དེ་བཙུགས་པ་ནས་ད་བར“རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་སྲུང་སྐྱོང”བཅས་ཀྱི་འདུ་ཤེས་བརྟན་པོར་བཅངས་པས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལོ་རེ་བཞིན་མང་དུ་སོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་རེས་ཟིན་ཐོར་བཀོད་པའི་བྱང་བྱིའུ་ཡི་དངོས་རིགས་དེ་བདེ་ཆེན་ཀྲོའུ་ཁྱབ་ཁོངས་སུ་མཐོང་ཐེངས་དང་པོ་ཡིན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་དེས་ཟིན་ཐོ་གསར་པ་བཀོད་པའི་བྱ་རིགས་ཤིག་ཡིན་པས། རང་བྱུང་སྲུང་སྐྱོང་ཁུལ་དེའི་ཞིབ་འཇུག་ཁྱབ་ཁོངས་སྔར་བས་རྒྱ་ཆེར་ཕྱིན་པ་མ་ཟད། ད་དུང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དངོས་རིགས་ཕུན་སུམ་ཚོགས་པོ་དང་སྐྱེ་དངོས་སྣ་མང་གི་ཁྱད་ཆོས་ཀྱང་གང་ལེགས་མངོན་ཡོད།