འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་13ཉིན།

༄༅།།ཀྲུའུ་རོན་རྟགས་ཅན་གྱིས་ཤེས་རྟོགས་གལ་ཆེན་བྱུང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུའུ་རོན་རྟགས་ཅན་གྱིས་ཤེས་རྟོགས་གལ་ཆེན་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན་གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་རྒྱལ་ཁབ་བར་སྣང་ཚན་རིག་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྟེ་གནས་དེའི་ཞིབ་འཇུག་པ་ལིའུ་དབྱང་ཚོགས་པས་ཀྲུའུ་རོན་རྟགས་ཅན་གྱི་སྐར་མ་མིག་དམར་གྱི་འཁོར་རིགས་སྤྱད་དེ་ཐོབ་པའི་རླབས་ཐུང་དམར་ཕྱིའི་འོད་ཤལ་དང་ཕྱོགས་སྟོན་ས་དབྱིབས་པར་ཆས་ཀྱི་གཞི་གྲངས་ལས། ས་གཤིས་ལོ་རབས་ཅུང་ན་གཞོན་པའི་སྐམ་སའི་ཁུལ་ནས་བྲག་རྡོ་ཅན་གྱི་པང་ལེབ་དབྱིབས་ཀྱི་མཁྲེགས་ཤུན་གྱི་རིམ་པ་ཤེས་རྟོགས་བྱུང་། དེའི་ནང་ཆུ་ལྡན་ཟི་སྐྱུར་ཚྭ་སོགས་གཏེར་རྫས་ཚུད་ཡོད་པ་རེད།
     ཞིབ་འཇུག་ཚོགས་པས་རིགས་འདེད་བྱས་པ་ལྟར་ན། མཁྲེགས་ཤུན་རིམ་པ་འདི་དག་ནི་ས་འོག་གི་ཆུ་ཐོན་པའམ་ཡང་ན་ སྤུ་ཕྲའི་ནུས་པས་རླངས་འགྱུར་བྱས་ནས་ཐོན་པའི་ཚྭ་རིགས་གཏེར་རྫས་ཡིན། དེ་ལ་སྐར་མ་མིག་དམར་གྱི་ས་རྒྱུ་འབྱར་རྗེས་བྲག་འགྱུར་ནུས་པས་གྲུབ་པ་རེད།
     ཤེས་རྟོགས་འདི་ནི་སྐར་མ་མིག་དམར་གྱི་གནམ་གཤིས་ཁོར་ཡུག་རིམ་འགྱུར་གྱི་ལོ་རྒྱུས་ལ་གོ་བ་ལེན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་། རྒྱལ་སྤྱིའི་ཐོག་སྐོར་ཞིབ་ཡོ་བྱད་ཐོག་གི་རླབས་ཐུང་དམར་ཕྱིའི་འོད་ཤལ་དཔྱད་ཆས་སྤྱད་དེ་སྐར་མ་མིག་དམར་གྱི་གདོད་གནས་སུ་ཆུ་འདུས་གཏེར་རྫས་འཚོལ་ཞིབ་ཐོག་མར་བྱེད་ཐུབ་པ་ཡང་མཚོན་ཡོད།
༄༅།།ཀྲུའུ་རོན་རྟགས་ཅན་གྱིས་ཤེས་རྟོགས་གལ་ཆེན་བྱུང་བ།
༄༅།།ཀྲུའུ་རོན་རྟགས་ཅན་གྱིས་ཤེས་རྟོགས་གལ་ཆེན་བྱུང་བ།