འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་13ཉིན།

༄༅།།སློབ་སྐྱོར་དངུལ་བུན་འགྱངས་སྤྲོད་བྱས་ཆོག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་དུས་མཚམས་རང་བཞིན་གྱིས་མེད་པར་བཟོ་རྒྱུ་དང་འབྲེལ་མ་དངུལ་དུས་འགྱངས་ཀྱིས་ཕྱིར་སློག་ཆོག་པ་གཏན་འབེབས་བྱས།
     རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ནི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མས་མཐོ་རིམ་སློབ་གསོ་དྲང་གཞག་ངང་དང་ལེན་བྱེད་པར་འགན་སྲུང་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན། ད་ལོར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མི་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁོང་ཚོའི་ཁུར་པོ་ཡང་དུ་གཏོང་བ་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་ཆེད། གྲོས་ཚོགས་ཐོག་གཏན་འབེབས་འདི་དག་བྱས་ཡོད། ད་ལོ་དང་དེ་སྔའི་ལོ་འཁོར་གྱི་མཐར་ཕྱིན་སློབ་མས་ད་ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མེད་པར་བཟོ་རྒྱུ་དང་། སྐྱེད་ཀ་མེད་པར་བཟོས་པའི་མ་དངུལ་རྣམས་རྒྱལ་ཁབ་ནོར་སྲིད་ནས་གཏོང་རྒྱུ། མ་དངུལ་ལོ་གཅིག་ལ་དུས་འགྱངས་བྱས་ནས་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག་ཅིང་སྐྱེད་ཀ་རྩེག་མ་མི་དགོས། ནད་ཡམས་ཀྱིས་རྐྱེན་པས་མཐར་ཕྱིན་སློབ་མས་ད་ལོ་དུས་ཐོག་ཏུ་འཇལ་སྤྲོད་མ་བྱས་ཚེ་ཡིད་རྟོན་ལ་ཤུགས་རྐྱེན་མི་ཐེབས། 
     སྔོན་དཔག་བྱས་ན། སྐྱེད་ཀ་སྒོར་དུང་ཕྱུར་20ལྷག་ཙམ་མེད་པར་བཟོ་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་དུས་འགྱངས་བྱས་ནས་སྤྲོད་རྒྱུ་དེ་མཐར་ཕྱིན་སློབ་མ་ཁྲི་400ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད། མཐོ་རིམ་སློབ་གྲྭ་ཁག་དང་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་སོགས་ཀྱིས་ལས་དོན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་ལས་དོན་དམིགས་བསལ་གྱིས་བསྒྲུབ་ནས་གང་མགྱོགས་ཀྱིས་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བྱེད་དགོས།