འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་13ཉིན།

༄༅།།Aརིམ་པའི་འཛིན་རྒྱར་འཁོད་པའི་ཉེས་ཅན་འདིས་རང་ཉེས་རང་ཞུ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན། གསར་འགོད་པས་ཀོང་ཏུང་དབྱང་ཅང་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5ཚེས་11ཉིན་གྱི་ཆུ་ཚོད་22ཙམ་ལ། དབྱང་ཅང་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཏུང་ཀོན་དུ་བསྐྱོད་དེ་སྤྱི་བདེ་པུས་ཁྱབ་བསྒྲགས་བྱས་པའི་Aརིམ་པའི་འཛིན་རྒྱར་འཁོད་པའི་ཉེས་ཅན་ལི་ཅིང་ཧྥ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད།
     ཟླ་5ཚེས་5ཉིན། སྤྱི་བདེ་པུས་Aརིམ་པའི་འཇུ་བཟུང་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས་བུད་མེད་དང་བྱིས་པ་བསླུས་འཚོང་གི་བྱས་ཉེས་ཚབས་ཆེན་བསགས་པའི་བྲོས་བྱོལ་མི་སྣ་6ཡོངས་བསྒྲགས་ངང་འཇུ་བཟུང་བྱ་རྒྱུ་ཡིན་པའི་ནང་གི་མི་གཅིག་ནི་ཀོང་ཏུང་དབྱང་ཅང་དབྱང་ཁྲུན་ནས་ཡིན་པའི་ལི་ཅིང་ཧྥ(སྐྱེས་པ། ལོ་56། ཀོང་ཏུང་ཞིང་ཆེན་དབྱང་ཁྲུན་གྲོང་ཁྱེར་སན་ཅ་གྲོང་རྡལ་གྱི་མི་ཡིན)ཡིན་པ་རེད།
     ཀོང་ཏུང་ཏུང་ཀོན་དུ་གབ་བཞིན་ཡོད་པའི་ལི་ཅིང་ཧྥ་ལ་སྤྱི་བདེ་པུས་མི་བསླུས་འཚོང་བྱས་ནས་བྲོས་བྱོལ་བྱེད་མཁན་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་ལས་དོན་གྱི་གནོན་ཤུགས་དང་། དེ་བཞིན་ཀོང་ཏུང་དབྱང་ཅང་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་འདེད་བཟུང་དང་རང་ཉེས་རང་ཞུ་དགོས་པའི་བསྐུལ་མ་ཐེབས་ནས། ཟླ་5ཚེས་11ཉིན་གྱི་དགོང་མོར། རང་འགུལ་ངང་ཀོང་ཏུང་དབྱང་ཅང་དབྱང་ཁྲུན་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ཏེ་ཏུང་ཀོན་དུ་ཡོང་ནས་རང་ཉེས་རང་ཞུ་བྱས་པ་རེད།