འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་18ཉིན།

༄༅།།ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་བདེ་བླག་ངང་སྐམ་སར་བབས་པ། འཕུར་སྐྱོད་ལས་འགན་
ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་18ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་4ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་སྐམ་སའི་འབབ་ཡུལ་གྱི་སྔོན་གཏན་འཁེལ་བའི་ཁྱབ་ཁོངས་སུ་བདེ་བླག་ངང་བབས་པ།
འདི་ནི་ཟླ་4ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་སྐམ་སའི་འབབ་ཡུལ་གྱི་སྔོན་གཏན་འཁེལ་བའི་ཁྱབ་ཁོངས་སུ་བདེ་བླག་ངང་བབས་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་ཆ་འཕྲིན་གཞིར་བཟུང་། པེ་ཅིང་གི་དུས་ཚོད་2022ལོའི་ཟླ་4ཚེས་16ཉིན་གྱི་ཆུ་ཚོད་9དང་སྐར་མ་56ཐོག ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་སྐམ་སའི་འབབ་ཡུལ་དུ་བདེ་བླག་ངང་བབས་པ་རེད། ཡུལ་དངོས་ཀྱི་སྨན་དོན་མི་སྣས་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲེ་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུ་བཅས་གསུམ་གྱི་གཟུགས་གཞི་བདེ་ཐང་ཡིན་པ་གཏན་འཁེལ་བྱས་པ། དེ་ཐོག་ནས་ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུད་སྐྱོད་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།
     ཆུ་ཚོད་9དང་སྐར་མ་6གི་ཐོག པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཚད་ལེན་ཚོད་འཛིན་ས་ཚིགས་ནས་ཕྱིར་ལོག་བཀའ་བཏང་བ་བརྒྱུད་ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་འཁོར་ལམ་གྲུ་ཚང་དང་ཕྱིར་ལོག་གྲུ་ཚང་བདེ་བླག་ངང་ཁ་གྱེས་ཤིང་། ཆུ་ཚོད་9དང་སྐར་མ་30ཡི་ཐོག འཕུར་གྲུའི་ཕྱིར་ལོག་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྤར་བ་དང་ཕྱིར་ལོག་གྲུ་ཚང་དང་སྐུལ་འདེད་གྲུ་ཚང་ཁ་གྱེས་པ་རེད། ཕྱིར་ལོག་གྲུ་ཚང་བདེ་བླག་ངང་སྐམ་སར་བབས་རྗེས་འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་འཁུར་བའི་འཚོལ་སྐྱོབ་ཡན་ལག་རུ་ཁག་གིས་དུས་ཐོག་ཏུ་དམིགས་ས་ཤེས་རྟོགས་ཐུབ་པ་དང་འབྲེལ་འཕྲལ་མར་སྐམ་སའི་འབབ་ཡུལ་དུ་འབྱོར། ཕྱིར་ལོག་གྲུ་ཚང་གི་སྒོ་ཕྱེ་མ་ཐག་སྨན་དོན་མི་སྣས་འཇིག་རྟེན་འཕུར་སྐྱོད་པའི་གཟུགས་གཞི་བདེ་ཐང་ཡིན་པའི་གཏན་འཁེལ་བྱས། མི་བཞུགས་འཕུར་སྐྱོད་ལས་གྲྭའི་བར་སྣང་ས་ཚིགས་ཀྱི་དུས་མཚམས་འཕུར་སྐྱོད་ལས་འགན་གྱི་སྤྱི་ཁྱབ་བཀོད་འདོམས་པུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཤར་རླུང་སྐམ་སའི་འབབ་ཡུལ་དུ་འཇིག་རྟེན་འཕུར་སྐྱོད་པར་བསུ་བ་ཞུས་པ་རེད།
     ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་ནི་2021ལོའི་ཟླ་10པའི་ཚེས་16ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། དེ་རྗེས་མཁའ་མཐུན་ལྟེ་བའི་གྲུ་ཚང་དང་འབྲེལ་མཐུད་བྱས་ཏེ་སྡེབ་སྒྲིག་གྲུ་ཚང་ཞིག་ཏུ་གྱུར་ཡོད། འཇིག་རྟེན་འཕུར་སྐྱོད་པ་གསུམ་ལྟེ་བའི་གྲུ་ཚང་དུ་དུས་ཡུན་ཟླ་6ཙམ་བསྡད་དེ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་བསྟུད་མར་འཁོར་ལམ་དུ་འཕུར་སྐྱོད་བྱེད་པའི་དུས་ཡུན་རིང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
     ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་བར་སྣང་ས་ཚིགས་ཀྱི་འགག་རྩའི་ལག་རྩལ་གྱི་ར་སྤྲོད་དུས་མཚམས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། ཀྲུང་གོའི་བར་སྣང་ས་ཚིགས་མི་རིང་བར་འཛུགས་སྐྲུན་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད་པ་རེད།
 ཟླ་4ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་སྐམ་སའི་འབབ་ཡུལ་དུ་བདེ་བླག་ངང་བབས་ཤིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲེ་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུ(གཡོན་ནས་གཡས་བར)བཅས་བདེ་འཇགས་ངང་གྲུ་ཚང་ནས་དོན་བཞིན་པ།
 ཟླ་4ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་སྐམ་སའི་འབབ་ཡུལ་དུ་བདེ་བླག་ངང་བབས་ཤིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲེ་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུ(གཡོན་ནས་གཡས་བར)བཅས་བདེ་འཇགས་ངང་གྲུ་ཚང་ནས་དོན་བཞིན་པ།