འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།སྣུམ་རིན་ཡང་བསྐྱར་འཕར་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2022ལོའི་རྒྱལ་ནང་གི་སྣུམ་རིན་ལེགས་སྒྲིག་ཐེངས་བཞི་པའི་དུས་ཚོད་དེ་ཟླ་3ཚེས་3ཉིན་གྱི་ཆུ་ཚོད་24ནས་འགོ་ཚུགས་རྒྱུ་ཡིན་པ་རེད། ད་ལོ་སྣུམ་རིན་ལེགས་སྒྲིག་ཐེངས་གསུམ་བྱས་པ་ཚང་མའི་སྣུམ་རིན་འཕར་ཡོད་པ་རེད། ཁྲོམ་རར་དབྱེ་ཞིབ་བྱས་པར་གཞིགས་ན། རེས་སྐོར་འདིའི་སྣུམ་རིན་ཕལ་ཆེར་འཕར་རྒྱུ་རེད། 
དེ་སྔོན་གྱི་རིན་གོང་སྙོམས་སྒྲིག་བར་རླངས་སྣུམ་གྱི་རིན་གོང་རིམ་རྩིས་བྱས་ན་ཏུན་རེར་སྒོར་865སྤར་བ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་རིམ་རྩིས་བྱས་ན་ཏུན་རེར་སྒོར་830སྤར་ཡོད་པ་རེད།
     མིག་སྔའི་རྒྱལ་སྤྱིའི་སྣུམ་རིན་ཡང་ཡང་བརྒྱ་ལས་བརྒལ་བའི་མཚོན་ཚུལ་ལ་གཞིགས་ན། རེས་སྐོར་འདིའི་བཅོས་སྣུམ་གྱི་རིན་གོང་སྙོམས་སྒྲིག་བྱེད་ཚད་བསྟུད་མར་ཐེངས་ལྔ་འཕར་བའི་རྣམ་པ་རྒྱུན་མཐུད་ངང་ཐོན་སྲིད། རེས་སྐོར་འདིའི་སྣུམ་རིན་ལེགས་སྒྲིག་བྱས་རྗེས་རྒྱལ་ནང་གི་ས་གནས་ཁག་གི་རླངས་སྣུམ་ཨང་92པའི་སིལ་ཚོང་རིན་གོང་ལའང་ཐད་ཀར་སྒོར་8ལས་བརྒལ་ཡོད་པས། ཁ་ལོ་བ་ཚོར་མཚོན་ན་སླར་ཡང་སྣུམ་རིན་མང་པོ་གཏོང་དགོས་རེད། དེར་བརྟེན་སྣུམ་སྒམ་ཁ་གང་མེད་པའི་ཁ་ལོ་བ་རྒན་གྲས་ཚོས་ཟླ་3ཚེས་3ཉིན་གྱི་ཆུ་ཚོད་24ཡི་གོང་སྣུམ་སྒམ་གང་བླུགས་རོགས། 
     ཨ་རིའི་WTIརྒྱལ་སྤྱིའི་སྣུམ་རིན་ཡ་ཕན་ཐོག་མར་ཟོ་བ་གཅིག་ལ་ཨ་སྒོར་4.67འཕར་བ་དང་། འཕར་ཚད་5.10%ཟིན་པ། མཐོ་ཤོས་ཨ་སྒོར་99.10ཟིན་པ། མིག་སྔར་ཟོ་བ་གཅིག་ལ་ཨ་སྒོར་96.25ཟིན་པ། པུའུ་ལུན་ཐེ་སྣུམ་རིན་ཨ་སྒོར་4.58འཕར་བ་དང་འཕར་ཚད་4.87%ཟིན། མཐོ་ཤོས་སུ་ཨ་སྒོར་99.45ཟིན་པ་དང་མིག་སྔར་ཟོ་བ་གཅིག་ལ་ཨ་སྒོར་98.70ཟིན་ཡོད་པ་རེད།
     རེས་སྐོར་འདིའི་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་གི་ལས་ཞག་6པའི་བར་མ་བཅོས་རྡོ་སྣུམ་གྱི་ཕྱོགས་བསྡུས་འགྱུར་ལྡོག་བྱུང་ཚད་2.35%ཟིན་པ་དང་། སྔོན་དཔག་བྱས་ན་ཏུན་རེར་སྒོར་100མཐོ་རུ་བཏང་ནས་ཕབ་རྩིས་བྱས་ན་ཧྲེང་རེར་སྒོར་0.08རེད། 50Lཡི་སྣུམ་སྒམ་ལ་རེས་སྐོར་འདིའི་རིན་གོང་ལེགས་སྒྲིག་བྱས་རྗེས་སྣུམ་སྒམ་གང་བར་སྒོར་4ཡས་མས་མང་ཙམ་སྤྱོད་དགོས་ཀྱི་ཡོད་པ་རེད།