འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།ཨ་རིས་ཨུ་རུ་སུའི་མི་འདི་རྒྱལ་ཁོངས་ནས་ཕྱིར་འབུད་བྱ་རྒྱུའི་གཏན་འཁེལ་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིའི་མགྲིན་ཚབ་པ་ཏི་ཡ་ལི་ཁེས་ཟླ་3ཚེས་1ཉིན་ཨ་རིས་ཨུ་རུ་སུའི་རྒྱལ་ཁོངས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣ་གཅིག་ཕྱིར་འབུད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
     ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་བརྡ་གཏོང་ཚོགས་འདུའི་ཐོག་ཏི་ཡ་ལི་ཁེས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨ་རིའི་འཐུས་མི་ཚོགས་པས་ཟླ་2ཚེས་28ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ལ་བརྡ་ཐོ་བཏང་བ་དང་ཨ་རིས་ཨུ་རུ་སུའི་རྒྱལ་ཁོངས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའི་ལས་དོན་མི་སྣ་གཅིག་ཕྱིར་འབུད་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད། ཏི་ཡ་ལི་ཁུ་ཡིས་ཞིབ་ཆ་གཞན་པ་མ་བཤད།
     ཏི་ཡ་ལི་ཁེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་བབ་དེར་ལྷུང་བར་བློ་ཕམ་བྱུང་ཞེས་བཤད་པ་དང《མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་སྐོར་གྱི་གྲོས་ཆོད》གཞིར་བཟུང་ཨ་རི་ཕྱོགས་དང་འབྲེལ་གཏུག་བྱེད་བཞིན་ཡོད་ཅེས་བཤད་པ་རེད། ཁོང་གིས་ཨ་རིའི་གཏན་འཁེལ་བྱས་པའི་བྱ་སྤྱོད་དེ་ནི་ཡིད་ལས་འདས་པ་ཞིག་རེད། རྒྱུ་མཚན་ནི་ཨུ་རུ་སུའི་རྒྱལ་ཁོངས་ཡིན་པའི་ལས་དོན་མི་སྣ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའི་ལས་དོན་དུས་བཀག་དེ་ཟླ་འདིའི་ཚེས་14ཉིན་མཇུག་འགྲིལ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།
     ཟླ་2ཚེས་28ཉིན་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨུ་རུ་སུའི་འཐུས་མི་ཚོགས་པའི་ཁོངས་མི་12ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་མི་12དེ་དག་གིས་ཨ་རིར་སྡོད་པའི་དམིགས་བསལ་དབང་ཆ་གང་བྱུང་དུ་སྤྱད་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་གྱི་བྱེད་སྤྱོད་སྤེལ་བ་རེད་ཅེས་བརྗོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨུ་རུ་སུའི་འཐུས་མི་ཉེ་པེན་ཅ་ཡིས་ཨ་རི་ཕྱོགས་ཀྱི་གཏན་འཁེལ་ལ་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་པ་དང་། ཁོང་གིས་ཨ་རིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་གྲོས་ཆོད་དང་དེ་བཞིན་ཝི་ཨེན་ན་ཡི་སྤྱི་ཆིངས་ལས་འགལ་ཡོད་ཅེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཨ་རིའི་ཉིའུ་ཡུའེ་རུ་གནས་ཡོད། 1947ལོར་ནུས་པ་ཐོན་པའི《མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་སྐོར་གྱི་གྲོས་ཆོད》ནང་ཨ་རི་ནི་མགྲོན་བདག་རྒྱལ་ཁབ་ཡིན་པའི་འབྲེལ་ཡོད་འོས་འགན་གཏན་འབེབས་བྱས་ཡོད།