འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་1ཉིན།

༄༅།།སློབ་རའི་ནང་དུ་ཁ་རས་རྒྱག་དགོས་པའི་བཀའ་རྒྱ་མེད་པ་བཟོ་རྒྱུ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་01ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཉིའུ་གཡོད་མངའ་སྡེ་ཡི་འགོ་འཛིན་ཁའེ་ཤིས·ཧོ་ཁྲུར་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་27ཉིན། ཉིའུ་གཡོད་མངའ་སྡེ་ཡིས་ཟླ་3ཚེས་2ཉིན་གྱི་སྔོན་མངའ་སྡེ་དེའི་ཁྱབ་ཁོངས་ནང་གི་སློབ་གྲྭར“ཁ་རས་རྒྱག་དགོས་པའི་བཀའ་རྒྱ”མེད་པ་བཟོ་རྒྱུ་དང་། དེ་ནི་ཏོག་གསར་ནད་འགོས་པའི་མི་གྲངས་ཆེས་ཆེར་ཆག་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གསར་པའི་མཛུབ་ཁྲིད་བྱེད་ཕྱོགས་ལ་བཟོ་བཅོས་བརྒྱབ་དགོས་པའི་རྐྱེན་གྱིས་རེད་ཅེས་བཤད།    
   ཉིན་དེར། ཉིའུ་གཡོད་གྲོང་ཁྱེར་གྱི་འགོ་འཛིན་ཨའེ་ལི་ཁེ·ཡ་ཏང་སིས(Eric Adams)ཆུ་ཚོད་ཁ་ཤས་སོང་རྗེས། གལ་ཏེ་ཏོག་གསར་འགོས་ཚད་དང་སྨན་ཁང་དུ་སྡོད་པའི་མི་གྲངས་མུ་མཐུད་ཆག་པའི་རྣམ་པ་བྱུང་ན། གཟའ་འཁོར་རྗེས་མ་ནས་ཟ་ཁང་དང་། ཆང་ཁང་། ཟློས་གར་ཁང་བཅས་ལ་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་བླང་བྱ་མེད་པ་བཟོ་རྒྱུའི་བསམ་གཞིག་བྱེད་རྒྱུ་ཡིན་ཞེས་བསྟན། 
   ཡ་ཏང་སིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉིའུ་གཡོད་གྲོང་ཁྱེར་གྱི་བྱིས་པ་ཁྲི་100ཙམ་དང་འབྲེལ་བ་ཡོད་པའི་སློབ་གྲྭར“ཁ་རས་རྒྱག་དགོས་པའི་བཀའ་རྒྱ”ཡང་མེད་པ་བཟོ་སྲིད་པ་བཀོད་ཡོད། ཁོ་པས་གཏན་འབེབས་དེ་ཟླ་3ཚེས་4ཉིན་གཞི་ནས་འདོན་རྒྱུ་ཡིན་ཟེར།