འཚོལ་བཤེར།   
藏文频道
2022ལོའི་ཟླ་2ཚེས་7ཉིན།

༄༅།།དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ངོ་མཚར་བ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་07ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2པའི་ཚེས་4ཉིན་གྱི་དགོང་མོར། པེ་ཅིང་སྐབས་ཉེར་བཞི་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། འགོ་ཚུགས་མཛད་སྒོའི་ཐོག་གི་ངོ་མཚར་དུས་སྐབས་ལ་མཉམ་དུ་ཕྱིར་དྲན་བྱེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་དུས་དཔྱིད་ཀྱི་དཔལ་ཡོན་ཤར་བ་དང་ཏག་ཏག་འཁེལ་ཞིང་། འགོ་ཚུགས་ཀྱི་དུས་ཚོད་ལྡོག་རྩིས་བྱེད་ཚེ་ཀྲུང་གོའི་དུས་ཚིགས་ཉེར་བཞི་ཕྲེང་སྦྲེལ་བཞིན་བསྟན་པའི་ཐོག་ནས་ཀྲུང་གོ་བའི་བསམ་པའི་འཆར་སྒོ་མཚོན་གྱི་ཡོད།
     པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ལས་རིགས་ཁག་གི་འཐུས་མི་དང་མི་རིགས་56གི་འཐུས་མིས་ལག་ཐོག་ནས་རྒྱལ་དར་བརྒྱུད་སྤྲོད་བྱེད་རེས་བྱས་ཤིང་།དེའི་རྗེས་སུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་སྐབས་དེར་ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་པ་རེད།
     འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་འཁྱགས་རོམ་སྤོ་ལོ་ཞིག“འཁྱགས་རོམ་གྲུ་བཞི་ལྷམ་པ”ཞིག་གི་དྭངས་ཤིང་གསལ་བའི་གངས་འཁྱགས་ཀྱི་ཨ་ལོང་ལྔ་ལ་གདོང་ཐུག་བརྒྱབ་ཚེ། འཁྱགས་རོམ་གྲུ་བཞི་ལྷམ་པའི་ནང་ནས་བརྐོས་པའི“འཁྱགས་རོམ་གཏོར་བ”དེས་འགལ་ཆ་སེལ་བ་དང་། ཕན་ཚུན་ཉེ་བར་བཅར་བ། ཚང་མ་གཞི་གཅིག་ཏུ་འདྲེས་པ་བཅས་མཚོན་ཡོད། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔ“འཁྱགས་རོམ་གཏོར་ནས་ཐོན་པ”དེར ་མི་རྣམས་ཧ་ལས་པ་རེད།
     མེས་རྒྱལ་ལ་བསྟོད་གླུ་ལེན་པའི་རོལ་དབྱངས་ཀྱི་ཁྲོད་དུ། ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་རར་ཞུགས། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། སྐབས་འདིར་ཚང་མས་ཀྲུང་གོར་ཤུགས་རྒྱག་གི་ཡོད། 
     འགོ་ཚུགས་མཛད་སྒོའི་ཆེས་མཐའ་མཇུག་གི་ངོ་མཚར་ཡོངས་བསྒྲགས་པ་སྟེ། ཆེས་མཐའ་མཇུག་གི་དཔལ་འབར་དེ་ཁ་བའི་འདབ་མ་ཆེན་པོའི་ལྟེ་བར་བཞག་ནས་མུ་མཐུད་འབར་བའི“དཔལ་འབར་གཙོ་བོ”འབར་བ་རེད།