འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།ཐེ་ལན་རྒྱལ་ཁབ་ཀྱི་སྲས་མོ་ཨོ་རྩལ་མཛད་སྒོར་ཡོང་བར་དགའ་བསུ་ཞུ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ལན་གྱི་སྲས་མོ་ཧྲི་ལིན་ཐུང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད། དེའི་ཐད། ཚེས་27ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། “ང་ཚོས་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་། གྲོགས་པོ་བཟང་པོ། མཛའ་གྲོགས་གཟེངས་རྟགས་ཐོབ་མཁན་སྲས་མོ་ཧྲི་ལིན་ཐུང་ཀྲུང་གོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བཤད།
   “སྲས་མོ་ནི་2008ལོར་པེ་ཅིང་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་མྱོང་ཡོད། ཁོང་སླར་ཡང་པེ་ཅིང་དུ་ཕེབས་ནས་གཟབ་རྒྱས་ཀྱི་བྱེད་སྒོར་མཉམ་དུ་ཞུགས་ནས། པེ་ཅིང་འཛམ་གླིང་ཐོག་གི‘ཨོ་ལིམ་ཕིག་གཉིས་སྤེལ་བའི་གྲོང་ཁྱེར’དང་པོར་གྱུར་བའི་དཔང་པོ་བྱེད་པ་དང་། འདིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། ཀྲུང་ཐེའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་ངེས་རེད་”ཅེས་ཀྲའོ་ལི་ཅན་གྱིས་བཤད།