འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།2022ལོར་རྒྱལ་ཁབ་ཕྱི་ནང་དུ་འགྲོ་འོང་ལ་ལྷོད་པོ་གཏོང་སྲིད་མིན་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2021ལོའི་གནས་སྤོས་ཡུལ་མིའི་དོ་དམ་ལས་དོན་གྱི་གྲངས་གཞི་གཙོ་བོ་དང་ཕན་འབྲས་སོགས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།      
   ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣའི་ལུས་ཁམས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དང་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་བྱེད་སྟངས་ལ་གཞིགས་ནས། ཕྱི་རྒྱལ་བ་རྒྱལ་ནང་དུ་འཛུལ་རྒྱུར་དམ་གཟབ་ནན་པོ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཀྲུང་གོའི་སྤྱི་དམངས་ཛ་དྲག་དང་དགོས་ངེས་མིན་ཚེ་རྒྱལ་མཚམས་ནས་མི་སྒྲོལ་བའི་འབོད་སྐུལ་བྱས་པ་མ་ཟད། རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས་ཚན་རིག་དང་མཐུན་ཞིང་འགུལ་རྣམ་ངང་ལེགས་སྒྲིག་བྱས་ཏེ། རིམས་ནད་དེ་རྒྱལ་མཚམས་ནས་འགྲོ་འོང་བྱེད་ལམ་བརྒྱུད་མི་ཐོན་པ་བྱས་ཡོད། 
    མང་ཚོགས་ཁ་ཤས་ཀྱིས་རྒྱལ་མཚམས་སྒྲོལ་འཐུས་ལག་ཁྱེར་སོགས་རྒྱལ་མཚམས་སྒྲོལ་འཐུས་ལག་ཁྱེར་རེ་ཞུ་བྱེད་པར་དཀའ་ངལ་ཐུག་ཡོད་པ་དང་། ཕྱི་རྒྱལ་བ་ཀྲུང་གོར་ཡོང་བར་སྔར་བཞིན་ཚོད་འཛིན་ཧ་ཅང་མང་པོ་འདུག་བརྗོད་པར་དམིགས་ནས། 2022ལོར་རང་རྒྱལ་གྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲིད་ཇུས་ལེགས་སྒྲིག་དང་ལྷོད་གཡེང་གཏོང་མིན་གྱི་གནད་དོན་ཐད། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ། སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཁྲེན་ཅེ་ཡིས། ལས་དོན་སྤེལ་རིང་། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཀྱིས་རིམ་པ་ཁག་གིས་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས། སྲིད་ཇུས་ལག་བསྟར་བྱེད་སྐབས“གཅིག་དཔེ་བརྒྱ་འགེབས”མི་བྱེད་པ་དང་། སྟབས་བདེ་སླ་བཅོས་མི་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར་ཕྱི་རྒྱལ་དུ་སློབ་སྦྱོང་། ལས་ཞུགས། ཚོང་དོན་སོགས་རྒྱལ་མཚམས་སྒྲོལ་རྒྱུའི་དགོས་མཁོ་ཡོད་པའི་མི་སྣ་དང་། ཀྲུང་གོར་ཡོང་ནས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་བྱེད་སྒོ་སྤེལ་མཁན་མི་སྣ། ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རྒྱུ་རྐྱེན་ཡོད་པས་རྒྱལ་མཚམས་ནས་འཛུལ་དགོས་ངེས་ཀྱི་མི་སྣ་བཅས་ལ། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་དོན་དངོས་དང་མཐུན་རྗེས།གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞི་ཡིས་དུས་ཐོག་ཏུ་རྒྱལ་མཚམས་སྒྲོལ་འཐུས་ལག་ཁྱེར་སྤྲོད་ཀྱི་ཡོད་བརྗོད། 
   གཞན་ཡང་གསར་འགོད་པར་ཤེས་རྟོགས་བྱུང་དོན། ལྷག་པར་དུ་རྒྱལ་སྤྱིའི་རིམས་འགོག་འཕྲོད་བསྟེན་ནང་ཞུགས་པ་དང་དེ་བཞིན་ཁེ་ལས་ཀྱི་ལས་ཀ་བསྐྱར་གསོ་དང་ཐོན་སྐྱེད་བསྐྱར་གསོ་བྱ་ཆེད་རྒྱལ་མཚམས་ནས་འགྲོ་འོང་བྱེད་དགོས་པའི་ཀྲུང་གོའི་སྤྱི་དམངས་ཡིན་ཕྱིན། རིམ་པ་ཁག་གི་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞི་ཡིས་ད་དུང་སྔོན་ལ་ཞིབ་བཤེར་ཆོག་མཆན་བདག་སྤྲོད་བྱེད་པ་དང་། དེ་བཞིན་མྱུར་སྒྲུབ་ལག་ཁྱེར་གཉེར་བའི་ཞབས་ཞུ་རང་འགུལ་ངང་མཁོ་འདོན་བྱ་རྒྱུ་ཡིན་པ་དང་དུས་མཚུངས་སུ། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་བར་རྒྱལ་གྲོལ་འཐུས་མཆན་འགོད་རྒྱུ་དང་གནས་སྡོད་མཚམས་འཇོག་བྱ་རྒྱུར་མུ་མཐུད་སྟབས་བདེ་བསྐྲུན་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་དང་ཐོན་སྐྱེད་བསྐྱར་གསོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
    “མིག་སྔར་ས་ཁོངས་ཕྱི་རྒྱལ་དུ་རིམས་ནད་མུ་མཐུད་མཆེད་བཞིན་ཡོད་པ་དང་། གཞན་འགྱུར་ནད་དུག་གསར་པ་མགྱོགས་པོར་མཆེད་བཞིན་ཡོད་ཅིང་། རང་རྒྱལ་གྱི་མདུན་དུ་ལྷག་པའི་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་སྔོན་འགོག་དགོས་པའི་གནས་བབ་སྔར་བཞིན་ཛ་དྲག་ཆེན་པོ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་རྒྱ་ཆེའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་རྒྱབ་སྐྱོར་དང་གཞོགས་འདེགས་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་མིག་སྔར་ཕྱི་རྒྱལ་དུ་ད་དུང་རིམས་ནད་མཆེད་བཞིན་ཡོད་པ་དང་ཚོད་འཛིན་ནུས་ལྡན་ཐུབ་མེད། རྒྱལ་ནང་གི་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་ལ་གཅེས་སྤྲས་བྱས་ནས། རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཛ་དྲག་དང་དགོས་ངེས་མིན་པའི་ས་མཚམས་སྒྲོལ་ནས་འགྲོ་འོང་བྱེད་མཁན་ཉུང་དུ་གཏོང་དགོས་ཞེས་ཁྲེན་ཅེས་བསྐྱར་དུ་དྲན་སྐུལ་བྱས་པ་རེད།