འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།བོད་ལྗོངས་ཀྱི་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་ཞིག་གཞུང་གཏུག་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཐེན་ཧའེ་ཚོགས་པའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་གནས་སྐབས་འགན་འཁུར་བ་བསོད་ནམས་(ཐིང་རིམ་གཞོན་པ)ལ་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བསྒྲུབ་རྒྱུར་སྤྲད་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་པ་རེད།
   ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་བསོད་ནམས་ལ་ཡོད་པའི་གཏུག་བཤེར་བྱེད་དབང་ཤེས་སུ་འཇུག་པ་མ་ཟད། བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ལ་འདྲི་རྩད་བྱས་ནས་དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་འཇོག་ཀྱང་བྱས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་བསོད་ནམས་ཀྱིས་མཚོ་བོད་གཞུང་ལམ་ཡན་ལག་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གི་འགན་འཁུར་བའི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་ལེན་བྱེད་པ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་ནས།ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་ཏེ་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པས། ཁྲིམས་ལྟར་ལྐོག་རྔན་ལེན་པའི་ཉེས་པ་བསགས་པར་བརྩིས་ནས་དེར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།