འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།དཔྱིད་གསར་དུས་ཆེན་སླེབས་ཁར་ཁེ་སྤོགས་བགོ་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དཔྱིད་གསར་དུས་ཆེན་སླེབས་ཁར་ཁེ་སྤོགས་བགོ་བ།
   མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་སླེབས་གྲབས་དུས་ལ། ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོད་གྲོང་ཚོ་སོགས་ཀྱི་གྲོང་མིར་2021ལོའི་ཡུལ་སྐོར་ཡོང་འབབ་ཀྱི་ཁེ་སྤོགས་རག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། བསང་ཆུ་རྫོང་གིས་སྣོད་བཅུད་བཟང་པོར་གཞི་ཚུགས་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྟངས་རྩེ་གྲ་འཚོལ་ཞིབ་བྱས་ཡོད། གྲོང་མིས་ཞག་སྡོད་གཉེར་སྐྱོང་གི་ཚད་གཞི་དང་མཐུན་པའིརང་གི་སྡོད་གནས་མཁོ་འདོན་བྱས་ནས། ཆེད་ལས་ཡུལ་སྐོར་གསར་སྤེལ་ཀུང་སིས་གཅིག་སྡུད་ཐོག་ཁྱད་ལྡན་མི་སེར་སྡོད་ཁང་གཉེར་སྐྱོང་དོ་དམ་བྱ་རྒྱུར་སྤྲད་དེ། ལོ་ལྟར་དེའི་ཁྲོད་ནས་ཁེ་སྤོགས་ངེས་ཅན་ཞིག་རག་གི་ཡོད་པ་རེད། འདི་ནི་ཟླ་1པོའི་ཚེས་27ཉིན་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོད་གྲོང་ཚོའི་གྲོང་མིས་ཁེ་སྤོགས་ལེན་བཞིན་པ།  
【1】  【2】
༄༅།།དཔྱིད་གསར་དུས་ཆེན་སླེབས་ཁར་ཁེ་སྤོགས་བགོ་བ།