འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མ་རྩོམ་
རོལ་དབྱངས་འདུ་ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་རིག་གནས་བྱེད་སྒོ་པུའུ་དང་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། པེ་ཅིང་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི《པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མ་རྩོམ་རོལ་དབྱངས་འདུ་ཚོགས》ཉིན་ཤས་གོང་པེ་ཅིང་ཀྲུང་ཧྲན་སྤྱི་གླིང་རོལ་དབྱངས་ཁང་དུ་འཚོགས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུན་ཞུ་ལེགས་གྲུབ་བྱུང་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གླུ་གཞས་འཚོལ་བསྡུའི་བྱེད་སྒོ་ཐེངས་གསུམ་བསྟུད་མར་སྤེལ་བར་རྒྱ་ཆེའི་གཞས་ཚིག་དང་གཞས་གདངས་རྩོམ་མཁན་དང་དམངས་ཚོགས་ཚོས་ཧུར་ཐག་ཞུགས་ཡོད། རོལ་དབྱངས་འདུ་ཚོགས་ཐོག་བཏང་བའི་གླུ་གཞས་10ནི་ད་རེས་འཚོལ་བསྡུ་དང་དཔྱད་འདེམས་བྱེད་སྒོའི་ཁྲོད་ནས་བདམས་པའི་ཕུལ་བྱུང་བརྩམས་ཆོས་རེད།