འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ཁམ་ཕུ་ཁྲེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་གཉེར་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཁམ་ཕུ་ཁྲེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་རྒྱལ་ས་ཕ་ནོམ་ཕེན་དུ་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་གཉེར་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངར་ཤུགས་བསླངས་པ་རེད།
     ད་ཐེངས་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི“དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྟེན་འབྲེལ་དང་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ནས་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗིད་ཉམས་ལ་བསྔགས་བརྗོད་བྱེད”ཅེས་པ་དེ་ཡིན་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བ་ཡོད་པའི་པར་རིས་238དང་ཡིག་གཟུགས་བརྩམས་ཆོས་100ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད། འགྲེམས་སྟོན་དུས་ཡུན་ཟླ་གཉིས་ཡིན་ཞིང་། ཁམ་ཕུ་ཁྲེའི་ཀྲུང་གོ་ཧོ་པེའི་སྤྱི་ཁྱབ་ཚོང་ཚོགས་དང་པེ་ཅིང་སྤྱི་ཁྱབ་ཚོང་ཚོགས་དང་དེ་བཞིན་ཁམ་ཕུ་ཁྲེའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།