འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།མཚོ་སྔོན་གྱིས་2025ལོར་སླེབས་སྐབས་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་བ་བསྐྲུན་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་2025ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་བ་བསྐྲུན་ནས་རྩ་དོན་ཐོག་རྫོང་རེས་སློབ་གྲྭ་རེར་བརྟེན་ནས་རང་བྱུང་སློབ་གསོའི་སློབ་གྲྭ་རེ་འཛུགས་རྒྱུ་དང་། 2030ལོར་སླེབས་སྐབས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་བལྟོས་བཅས་འཐུས་སྒོ་ཚང་བའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་མ་ལག་བཙུགས་ཏེ། རང་བྱུང་སློབ་གསོ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྐྱེ་ཁམས་རིག་གནས་ཀྱི་སྤུས་རྟགས་ལ་སྐྱེད་སྲིང་བྱས་ནས་རང་བྱུང་སློབ་གསོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།