འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ཡི་འགག་
སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པ་རེད། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་རེན་ཀྲེན་ཧོ་ཡིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གནང་སྐབས་སྔོན་དཔག་ལྟར་ན་2021ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཏེ“དམིགས་ཚད་ཆེན་པོ་གཉིས”ཚང་མར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ཅེས་བཤད་པ་རེད།
   ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་གྱི་ཞིབ་རྩིས་བྱས་འབྲས་ལ་གཞིགས་ནས་ཞིབ་རྩིས་རགས་ཙམ་བྱས་པར། 2021ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་ནས་སྒོར་དུང་ཕྱུར་10243.3ཟིན་ཡོད། ལོ་ཧྲིལ་པོའི་ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1001.8ཟིན་ཏེ་ལོ་གོང་མ་ལས་14.6%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་667.4ཟིན་ནས་17.5%འཕར་བ་དང་། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་334.4ཟིན་ནས་9.1%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་4025.9ཟིན་ནས་གཅིག་མཚུངས་བསྡུར་གཞིའི་3.9%འཕར་ཡོད་པ་རེད།