འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།ལྷ་སའི་ཆུ་བཟང་གྲོང་ཚོ་ནས་གནའ་ཤུལ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་སའི་ཆུ་བཟང་གྲོང་ཚོ་ནས་གནའ་ཤུལ་ཞིག་རྙེད་འདུག
   མི་དམངས་དྲ་བའི་འཕྲིན། 2022ལོ་ཤར་བའི་མཚམས་འདིར། ལྷ་ས་གྲོང་ཁྱེར་ཆུ་བཟང་གྲོང་ཚོ་ནས་གཏམ་བཟང་ཞིག་ཐོན་པ་སྟེ། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆུ་བཟང་གྲོང་ཚོ་ནས་རྙེད་པའི“གནའ་མིའི་རྐང་རྗེས་ལག་རྗེས”2021ལོའི“འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུའི”གྲས་སུ་བདམས། དེ་ནི་ད་བར་འཛམ་གླིང་ནས་རྙེད་པའི་གནའ་མིའི་སྒྱུ་རྩལ་གྱི་རྗེས་ཤུལ་སྔ་ཤོས་དེ་ཡིན་པས། གནའ་མི་ཡུན་རིང་པོའམ་ཡང་ན་དུས་ཚིགས་རང་བཞིན་གྱི་སྒོ་ནས་ས་མཐོར་གཞིས་ཆགས་པའི་དུས་ཚོད་སྔ་ཤོས་ཤེས་རྟོགས་བྱེད་པར་དེ་བས་སྔ་བའི་དཔང་རྟགས་མཁོ་འདོན་བྱས་ཡོད། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་འདིས་ལྷ་སར་གནའ་ཤུལ་ལོ་རྒྱུས་ཀྱི་ས་རྟགས་ཤིག་ཁ་སྣོན་བྱུང་བ་དང་། དེས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་ཐུབ་ངེས་ཡིན།
   མིག་སྔར“གནའ་མིའི་རྐང་རྗེས་ལག་རྗེས”ཆ་5རྙེད་པ་དེ་དག་ནི་ད་བར་འཛམ་གླིང་ནས་རྙེད་པའི་གནའ་མིའི་སྒྱུ་རྩལ་གྱི་རྗེས་ཤུལ་སྔ་ཤོས་ཡིན་པ་མ་ཟད། ད་བར་གྱི་བྲག་ངོས་སྒྱུ་རྩལ་དག་ལས་སྔ་བ་ཡོད། 
   གསར་འགོད་པས་ཤེས་རྟོགས་བྱུང་བར། གནའ་རྫས་རྟོག་ཞིབ་རུ་ཁག་མ་སླེབས་གོང་ནས་ས་གནས་དེ་གའི་མི་སེར་གྱིས“རྐང་རྗེས་ལག་རྗེས”དེ་དག་མེས་པོས་བཞག་པའི་རྗེས་ཤུལ་ལ་བརྩིས་ནས། གྲོང་མི་རྒན་དར་གཞོན་གསུམ་ཚང་མས་ཆུང་ཆུང་དུས་ནས་འདི་དག་ལ་སྲུང་སྐྱོབ་བྱས་ཡོད།
༄༅།།ལྷ་སའི་ཆུ་བཟང་གྲོང་ཚོ་ནས་གནའ་ཤུལ་ཞིག་རྙེད་འདུག