འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ཀྱི་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་ཟླ་1ཚེས་11ཉིན་འཚོགས་པའི་བོད་ལྗོངས་ཁྲལ་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོར་བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་དོན་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་ཐབས་དང་དམངས་ལ་ཕན་པ་སྐྲུན་ཐབས་ཁྱབ་གདལ་བཏང་སྟེ། ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་པ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྤུས་ཚད་མཐོ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ཡོད།
     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཀུའོ་ཧྲུན་མིན་གྱིས། 2021ལོར་བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་41ལྷག་ཙམ་བྱས་པ་དང་། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་པ། “ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་+ཁྲལ་གྲོན་ཞབས་ཞུ་རྒྱབ་སྐྱོར་ལྟེ་གནས+ཁྲལ་བསྡུ་དང་ཁྲལ་འཇལ་གྱི་མཉམ་འགུལ་ལས་སྟེགས”ཕྱོགས་གསུམ་གཞི་གཅིག་གི་ཁྲལ་འཇལ་ཞབས་ཞུའི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད་པ་རེད། ཐོ་ཁོངས་ནས་སུབ་པའི་གོ་རིམ་ལེགས་སུ་དང་སྟབས་བདེ་རུ་བཏང་བ་དང་། སྤྱིར་བཏང་གི་ཐོ་ཁོངས་ནས་སུབ་པའི་དུས་ཚོད་ཐུང་དུ་བཏང་བ། སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཁྲལ་དོན་ཐོ་ཁོངས་ནས་སུབ་སྐབས“སྒྲུབ་མི་དགོས་པའི་ཚད་གཞི”དང“འཕྲལ་མར་སྒྲུབ་ཚད”94%ཟིན་པ། ཕྱིར་གཏོང་ཁྲལ་སློག་སྒྲུབ་གཉེར་དུས་ཚོད་སླར་ཡང་20%མགྱོགས་སུ་བཏང་ཡོད་ཅེས་ངོས་སྤྲོད་བྱས་པ་རེད།
     དེ་དང་ཆབས་ཅིག བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ད་དུང་ཁྲལ་གྲོན་ལས་སྒོ་གཉེར་བའི་གཅིག་གྱུར་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རྡོ་སོལ་དང་གློག་གི་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཁྲལ་བསྡུའི་བྱེད་ཐབས་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཁྲལ་གྲོན་ནར་འགྱངས་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ་རིམ་རྩིས་བྱས་ན་རྡོ་སོལ་དང་གློག་གི་ཚ་དྲོད་མཁོ་འདོན་ཁེ་ལས་2ལ་ཁྲལ་གྲོན་སྒོར་ཁྲི་161ནར་འགྱངས་བྱས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཁྲལ་གྲོན་སྒོར་ཁྲི་4715ནར་འགྱངས་བྱས་པ་རེད།