འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་20ཉིན།

༄༅།།ནག་ཆུའི་དེ་སྔའི་ཁྲུའུ་རིམ་པའི་ལས་བྱེད་པ་ཞིག་འཛིན་བཟུང་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་20ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ་ལིན་ཕིང་(ཁྲུའུ་རིམ་པ་རྒན་པ)གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ་ནག་ཆུ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བདག་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་གཞུང་གཏུགས་བྱས་ཡོད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཐོག་ནས་ལིན་ཕིང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད།