འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་17ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་2022ལོའི་དྲ་ཐོག་ལོ་གསར་མཁོ་ཆས་འཚོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་17ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་མཚོ་སྔོན་ཞིང་ཆེན་གྱི་ཚོང་ཟོག་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བ་འགན་ལེན་བྱས་ནས་དྲ་ཐོག་གི་འཛད་སྤྱོད་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་འཕེལ་བ། དུས་ཆེན་གྱི་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་དུ་གཏོང་བ་བཅས་བྱ་ཆེད། ཟླ་1ཚེས་10ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་བཟོ་འཕྲིན་ཐིང་དང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་བཅས་དང་མཉམ་དུ་སྤེལ་བའི“མཚོ་སྔོན་ཞིང་ཆེན་གྱི་2022ལོའི་དྲ་ཐོག་ལོ་གསར་མཁོ་ཆས་འཚོང་བའི”བརྙན་ལམ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་དང་སྦྲགས། མཚོ་སྔོན་ཞིང་ཆེན་གྱི་2022ལོའི་དྲ་ཐོག་ལོ་གསར་མཁོ་ཆས་འཚོང་འགོ་ཚུགས་པ་རེད།
     ད་ཐེངས་ཀྱི་དྲ་ཐོག་ནས་ལོ་གསར་གྱི་མཁོ་ཆས་འཚོང་བའི་དུས་ཚོད་ཟླ་1ཚེས་10ཉིན་ནས་ཟླ་2ཚེས་7ཉིན་བར་ཁྱོན་ཉིན་29རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོར་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཉིན་མོའི་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར་དང་། རོལ་རྩེད། ཉོ་སྒྲུབ་སོགས་འཛད་སྤྱོད་ཀྱི་དགོས་མཁོ་སྣ་མང་ལ་དམིགས་ཏེ། ས་གནས་དེ་གའི་དྲ་ཐོག་ཚོང་དོན་ཁེ་ལས་དང་། དངོས་ཚན་ཁེ་ལས། མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་བཅས་ཀྱིས་ཕབ་ཆ་གཅོག་པ་དང་ཁེ་བཟང་སྤྲོད་པ་དང་། ཤོག་ཆག་གི་ཁ་གསབ་སྤྲོད་པ། གོང་ཚད་གཅོག་པ་སོགས་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཏེ་ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་དང་ཁྲོམ་རའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།
     དེ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་གྱིས་ཉོ་སྒྲུབ་བྱེད་སྟངས་སྟབས་བདེ་དང་། ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་པ། ཐུག་རེག་མི་བྱེད་པའི་སྡེབ་སྐྱེལ་ཞབས་འདེགས་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་ཚོགས་མི་འདྲ་བ་དང་ཞབས་ཞུའི་དགོས་མཁོ་མི་འདྲ་བར་དམིགས་ཏེ“དྲ་ཐོག་ནས་སྔོན་མངགས་དང་ཁྱིམ་དུ་སྡེབ་སྐྱེལ་བྱེད་པ”དང་། “དཔྱིད་གསར་དུས་ཆེན་རིང་ལས་མཚམས་མི་འཇོག་པར་ལོ་གསར་གྱི་མཁོ་ཆས་ཁྱིམ་དུ་སྐྱེལ་བ” “དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ང་རང་ཞུགས་པ་དང་གངས་འཁྱགས་ལུས་རྩལ་ལ་རོལ་བ”སོགས་ཀྱི་རང་གཤིས་ཅན་གྱི་ཞབས་ཞུ་ཤུགས་ཆེན་སྤེལ་ནས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྣ་མང་ཅན་གྱི་ཞབས་ཞུའི་འཛད་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐང་རྒྱུ་རེད། དེ་དང་ཆབས་ཅིག་རྒྱ་ཆེའི་དྲ་ཐོག་ཚོང་དོན་ཁེ་ལས་དང་ལས་སྟེགས་ལ་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པ་དང་ས་གནས་དེ་གའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་དང་གྲོང་མིའི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོར་དམིགས་ཏེ་ལོ་གསར་གྱི་མཁོ་ཆས་འཚོང་རིང“ཞིང་དར་ཆེད་དོན་ས་ཚིགས”བཙུགས་ནས་ས་གནས་དེ་གའི་ཁྱད་ཆོས་མངོན་གསལ་དོད་པའི“རྙིང་ཁུངས་མིང་ཅན་ལ་མྱོང་རོལ་བྱེད་པ”དང་། “རྐང་ཐང་ལམ་བསྐོར་བ” “ཡུལ་དེ་རང་གི་དངོས་ཟོག་བཏོན་པ”བཅས་ཀྱི་ཆ་སྒྲིག་བྱེད་སྒོ་སྤེལ་ཏེ་ཞིང་ཞོར་ཐོན་རྫས་ཁྲོམ་རར་འཚོང་བ་དང་བཟོ་ལས་ཐོན་རྫས་དྲ་ཐོག་ནས་འཚོང་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་ཡུལ་སྐོར་གྱི་སོས་དལ་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་རྒྱུ་རེད།
     མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ཞབས་འདེགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲངས་འཛིན་གྱི་འཚོ་བ་གཏོད་པའི་ལས་ཀའི་དམིགས་ཚད་ལ་དམིགས་ཏེ། འབྲེལ་ཡོད་ཚན་པ་ཁག་གིས་འགན་ནུས་ལས་དོན་དང་ཟུང་འབྲེལ་གྱིས་བྱེད་སྒོར་མཛུབ་ཁྲིད་ལྟ་སྐུལ་བྱས་ནས་དྲ་རྒྱའི་འཛད་སྤྱོད་ཁོར་ཡུག་ལེགས་པ་དང་། གཉེར་སྐྱོང་ཚད་ལྡན་དང་སྒྲིག་ལམ་ལེགས་པ། ཐོན་རྫས་ཕུན་སུམ་ཚོགས་ལ་སྤུས་ཀ་ལེགས་པ་བཅས་དང་། དྲ་ཕྱིའི་སྡེབ་སྐྱེལ་གྱི་ལས་ཕྱོད་ཆེ་བ་དང་འཛད་སྤྱོད་ཁེ་དབང་འགན་ལེན་བྱེད་ཤུགས་ཆེ་བ་བཅས་ཀྱི་འགན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་བློ་བདེ་པོ་ཡོང་བའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་དྲ་ཐོག་འཛད་སྤྱོད་ཀྱི་རིམས་འགོག་བྱེད་ཐབས་ཤུགས་ཆེར་བཏང་སྟེ། ཚོང་ཟོག་ཐུམ་སྒྲིམ་དང་། མཛོད་འཇུག དབྱེ་འབྱེད། སྡེབ་སྐྱེལ་སོགས་ལྷུ་ཚིགས་ཀྱི་རིམས་འགོག་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་འབྲེལ་ཡོད་སྒྲིག་ཆས་དང་། མཛོད་ཁང་། ཚོང་ཟོག་སོགས་ཀྱི་གཙང་སྦྲ་དང་དུག་སེལ་གནད་སྨིན་དང་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་བཏང་སྟེ་མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་འགན་ལེན་བྱེད་དགོས།