འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་17ཉིན།

༄༅།།ཞང་ཀང་ཉེན་རྟོག་པས་དུག་རྫས་སྒོར་དུང་ཕྱུར་1.25ཡི་རིན་པ་རྩད་ཆོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་17ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཞང་ཀང་ཉེན་རྟོག་པས་དུག་རྫས་སྒོར་དུང་ཕྱུར་1.25ཡི་རིན་པ་རྩད་ཆོད།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན་ཞང་ཀང་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་དུག་རྫས་འཚོང་འདྲེན་གྱི་གྱོད་གཞི་ཞིག་བརྡ་ཁྱབ་བཏང་བ་རེད། ཉེ་ཆར། ཉེན་རྟོག་ཕྱོགས་ཀྱི་དུག་རྫས་བརྟག་དཔྱད་ཁོའོ་ཡིས་ཡོན་ལང་དང་། པེ་ཅའོ། ཞི་ཧོན་བཅས་སུ་སོ་སོར་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས། ཁྱོན་དུག་རྫས་མི་འདྲ་བ་སྤྱི་རྒྱ་154ཞིབ་བཤེར་བྱས་ནས་ཐོབ་པ་དང་། དེའི་ནང་སྦྲིད་སྨན་ཁོ་ཁ་དབྱིན་སྤྱི་རྒྱ་96དང་། ལུའུ་ཨན་ཐུང་སྤྱི་རྒྱ་34།  དེ་བཞིན་སོ་མ་ར་ཙ་སྤྱི་རྒྱ་25བཅས་ཡོད་པ་དང་། ཚོང་རའི་རིན་ཐང་ཞང་ཀང་གི་སྒོར་དུང་ཕྱུར་1.25ཙམ་ཟིན་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ལོ་58ལ་སླེབས་པའི་ས་གནས་དེ་གའི་སྐྱེས་པ་ཞིག་དང་ལོ་40ཡིན་པའི་ཧྥེ་ལིན་ཕིང་གི་གཡོག་མོ་ཞིག་འཛིན་བཟུང་བྱས། ཁོང་གཉིས་ཀ་ཉེན་ཁ་ཆེ་བའི་སྨན་རྫས་འཚོང་འདྲེན་བྱས་པའི་ཉེས་གསོག་གི་དོགས་གཞི་ཡོད། ཉེན་རྟོག་ཕྱོགས་ཀྱིས་ལོ་44ལ་སླེབས་པའི་སྐྱེས་པ་གཞན་ཞིག་འཛིན་བཟུང་གི་བཀའ་རྒྱ་གཏོང་བཞིན་ཡོད། དེ་ནི་དོན་དེ་དང་འབྲེལ་བ་ཡོད་པའི་དུག་ཚོང་ཚོགས་པའི་རྐང་འཛིན་ཁོངས་མི་ཡིན་པའི་ཡིད་ཆེས་ཡོད་ལ། མི་དེ་བས་མང་བ་འཛིན་བཟུང་བྱེད་སྲིད། འདི་ནི་ཞང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱས་པའི་སོ་མ་ར་ཙའི་རིགས་རེད།    
༄༅།།ཞང་ཀང་ཉེན་རྟོག་པས་དུག་རྫས་སྒོར་དུང་ཕྱུར་1.25ཡི་རིན་པ་རྩད་ཆོད།