འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།འདི་ལོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ནགས་བཟོ་མུའུ་ཁྲི་24བྱ་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་11ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ནགས་བཟོ་མུའུ་ཁྲི་21(རི་རྒྱ་ནགས་གསོའི་རྒྱ་ཁྱོན་ཚུད་པ)བྱ་རྩིས་ཡོད་པ་རེད།
     ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ནགས་བཟོ་སྔོ་འགྱུར་གྱི་དུས་འགོའི་ལས་དོན་དེ་གྲོང་ཁུལ་གཙོ་བོའི་ལྷོ་བྱང་རི་གཉིས་ནས་འགོ་བཙུཌ་ཏེ་ལོ་རེ་བཞིན་ཤར་ནུབ་ཕྱོགས་སུ་ཁྱབ་པ་བྱ་རྒྱུ་དང་། “ཉེ་འགྲམ་བཞིའི”ཤིང་འཛུགས་མུ་མཐུད་ལག་བསྟར་བྱས་ནས་སྡོང་ཕྲུག་ཁྲི་118འཛུགས་རྩིས་ཡོད་པ། 2021ལོའི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ལྕགས་དྲ་སྨི་ཁྲི་40བསྐོར་ནས་རྩྭ་ཐང་མུའུ་ཁྲི་7ལེགས་གསོ་བྱེད་པ་དང་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་5འདེབས་རྒྱུ་ཡིན་ལ། 2022ལོའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ནགས་བཟོ་མུའུ་ཁྲི་3བྱ་རྒྱུ་རེད།
     2022ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷུན་གྲུབ་རྫོང་གི་དགའ་ལྡན་ཆོས་འཁོར་འདམ་རའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་དང་། བོད་ལྗོངས་ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་མཇིང་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ(ལྷ་སའི་ཡུག་ཁུལ)གྱི་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལས་གྲྭ བོད་ལྗོངས་ཡངས་པ་ཅན་གྱི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལས་གྲྭ་སོགས་ལག་བསྟར་བྱ་རྩིས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ལྷ་ས་གྲོང་ཁྱེར་གྱིས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་8.5ལེགས་སྒྲུབ་བྱས་པ་དང་། ནགས་ཚལ་ཁྱབ་ཚད་ཚོད་རྩིས་བྱས་ན་20%ཟིན་པ། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་69.82%བརྟན་པོར་གནས་ཡོད་པ་རེད།