འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།ན་གཞོན་རི་མོ་མཁས་ཅན་ཚུའེ་ཅིང་ཀྲེར“ཀུ་པེ་ཏན་བྱ་དགའ”ཐོབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ན་གཞོན་རི་མོ་མཁས་ཅན་ཚུའེ་ཅིང་ཀྲེར“ཀུ་པེ་ཏན་བྱ་དགའ”ཐོབ་པ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡུས་ཙའེ་ཆིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ཡི་ཚབ་ཞུས་ནས་པེ་ཅིང་དུ་ཀྲུང་གོའི་རི་མོ་མཁས་ཅན་ཚུའེ་ཅིང་ཀྲེར“ཀུ་པེ་ཏན་བྱ་དགའ”གནང་བ་རེད། ཚུའེ་ཅིང་ཀྲེས་ལག་གདང་སྦྲེལ་ནས“ཨོ་རྩལ་འགྲན་ཚོགས་ལ་དགའ་འབོད་བྱེད་པའི”རྣམ་གྲངས་ཐེངས་མང་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་ཐུབ་ནས་སྒྱུ་རྩལ་དང་རི་མོ་བརྒྱུད་ནས་ཨོ་ལིན་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོའི་སྒྱུ་རྩལ་རྒྱལ་སྤྱིའི་མིག་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། 
     ངོ་སྤྲོད་བྱས་པར་གཞིགས་ན། “ཀུ་པེ་ཏན་བྱ་དགའ”ནི་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་ཨོ་ལིན་ཕིག་ལུས་རྩལ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་སྣར་གནང་བའི་དམིགས་བསལ་བྱ་དགའ་ཞིག་ཡིན་ལ། དེས་རྒྱལ་སྤྱིའི་ཨོ་ལིན་ཕིག་གི་མཚན་སྙན་ཆེ་ཤོས་དང་བྱ་དགའ་མཐོ་ཤོས་མཚོན་པ་དང་། རི་མོ་མཁས་ཅན་ཚུའེ་ཅིང་ཀྲེའང་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ན་གཞོན་ཞིག་རེད། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཚུའེ་ཅིང་ཀྲེས་མིང་ལ《འཕུར་མཆོང་ཆེན་པོ》ཞེས་པའི་མི་སྒེར་གྱི་སྒྱུ་རྩལ་བརྩམས་ཆོས་ཤིག་འགྲེམས་སྟོན་བྱས་པ་དང་པར་རིས་ཁྲོད་མཁའ་དབྱིངས་སུ་ལྡིང་བའི་གངས་ཤུད་ལུས་རྩལ་པས་མཆོང་སྐྱོད་ལྟ་བུའི་ཉམས་འགྱུར་ཐོག་ནས་འབད་འབུངས་ཡར་བརྩོན་གྱི་ཨོ་ལིན་ཕིག་གི་སྙིང་སྟོབས་མངོན་ཡོད་པ་དང་། བརྩམས་ཆོས་དེ“ཨོ་རྩལ་འགྲན་ཚོགས་ལ་ཆེད་དུ་བསྟོད་པའི”སྒྲིག་འཛུགས་ཨུ་ལྷན་གྱིས་ཉར་ཚགས་བྱས་ཡོད་པ་རེད། 
     “ཨོ་རྩལ་འགྲན་ཚོགས་ལ་བསྟོད་པའི”ལུས་རྩལ་རིག་གནས་རྣམ་གྲངས་ཀྱི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ། རི་མོ་མཁས་ཅན་ཚུའེ་ཅིང་ཀྲེ་ཡིས་ཀུ་པེ་ཏན་གྱི་གཟེངས་རྟགས་དེ་ཐོབ་པ་ནི་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད་ཟེར། ལུས་རྩལ་སྙིང་སྟོབས་དང་ཨོ་ལིན་ཕིག་སྙིང་སྟོབས་ནི་གང་སར་ཁྱབ་ཡོད། ཀྲུང་གོའི་རི་མོས་ཨོ་ལིན་ཕིག་གི་སྙིང་སྟོབས་འབྲི་བ་དང་། ཀྲུང་གོའི་རི་མོས་དེང་རབས་ཀྱི་ཨོ་ལིན་ཕིག་གི་ལུས་རྩལ་བའི་རྣམ་གྲངས་འབྲི་བ། དེ་རྗེས་ཀྲུང་གོའི་རི་མོས་འཛམ་གླིང་འབྲི་བ་དང་ཀྲུང་གོའི་རི་མོས་འཛམ་གླིང་གིས་ཤེས་རྟོགས་ཐུབ་པའི་ཀྲུང་གོའི་རིག་གནས་མཚོན་པར་བྱེད་ཀྱི་ཡོད།
༄༅།།ན་གཞོན་རི་མོ་མཁས་ཅན་ཚུའེ་ཅིང་ཀྲེར“ཀུ་པེ་ཏན་བྱ་དགའ”ཐོབ་པ།
༄༅།།ན་གཞོན་རི་མོ་མཁས་ཅན་ཚུའེ་ཅིང་ཀྲེར“ཀུ་པེ་ཏན་བྱ་དགའ”ཐོབ་པ།