འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།སློབ་གསོ་པུས《མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ སྤུས་ཚད་ཀྱི་གདེང་འཇོག་
ཕྱོགས་སྟོན》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུས《མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་སྤུས་ཚད་ཀྱི་གདེང་འཇོག་ཕྱོགས་སྟོན》བཀྲམ་ནས། ཡང་དག་པའི་ཁ་ཕྱོགས་དང་། མི་སྣ་གསོ་སྐྱོང་གི་ཆོས་ཉིད། སྒྱུར་བཅོས་ཟབ་ཏུ་གཏོང་བ། དཔྱད་འདེམས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། མཐོ་རིམ་སློབ་འབྲིང་དཀྱུས་མས་སློབ་གཉེར་བྱེད་རིང“སྐར་གྲངས་དང་སློབ་རིམ་འཕར་བ་གཉིས་ཚད་གཞི་ཉག་གཅིག་ཏུ་བརྩི་བའི”འཕེལ་ཕྱོགས་ནུས་ཤུགས་ཡོད་རྒུས་ཁྱད་བསད་ཀྱིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། གདེང་འཇོག་ཕྱོགས་སྟོན་དུ་གཙོ་བོ་སློབ་གཉེར་གྱི་ཁ་ཕྱོགས་དང་། སློབ་ཚན་སློབ་ཁྲིད། དགེ་རྒན་འཕེལ་རྒྱས། སློབ་གྲྭའི་དོ་དམ། སློབ་མ་འཕེལ་རྒྱས་བཅས་ཕྱོགས་5ཚུད་པའི་ནང་ཁྱོན་བསྡོམས་འགག་རྩའི་དམིགས་ཚད་18དང་བརྟག་ཞིབ་ཀྱི་གནད་འགག་48ཡོད་པ་རེད། ས་གནས་ཁག་གིས་ཁོངས་གཏོགས་རྫོང་གི་གྲངས་འབོར་དང་། སློབ་གྲྭའི་གྲངས་འབོར། ལས་ཀའི་དགོས་མཁོ་བཅས་ལ་གཞིགས་ནས། ལོ་3ནས་5བར་གྱི་དུས་འཁོར་ནང་སློབ་གྲྭའི་སློབ་གཉེར་སྤུས་ཚད་ཀྱི་གདེང་འཇོག་ཁྱོན་ཡོངས་ལ་ཁྱབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།