འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་7ཉིན།

༄༅།།ཁྱོད་ཀྱི་མཛུབ་རིས་ལ་གསང་བ་འདི་དག་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་07ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཁྱོད་ཀྱི་མཛུབ་རིས་ལ་གསང་བ་འདི་དག་ཡོད།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཞིབ་འཇུག་རྣམ་གྲངས་ཤིག་ལས་མིའི་རིགས་ཀྱི་མཛུབ་རིས་དང་རྐང་ལག་སྐྱེ་འཚར་ལ་ཚད་མཐོའི་གཞི་རྒྱུའི་འབྲེལ་བ་ཡོད་པ་ཐོག་མར་གསལ་སྟོན་བྱས་པ་རེད།
     མིའི་ལུས་པོའི་ཕྱི་ངོས་ཀྱི་ཁྱད་ཆོས་དང་རྒྱུད་འཛིན་གཞི་རྒྱུ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། ལྷན་སྐྱེས་ཀྱི་ནད་གཞི་སྔ་ཙམ་ནས་བརྟག་དཔྱད་དང་། མིའི་ལུས་ཁམས་ཀྱི་ནད་འགྱུར་སྔོན་འགོག ལས་རིགས་ཀྱི་གཟུགས་གཞི་གདམ་གསེས་སོགས་ཁྱབ་ཁོངས་ཁག་ཏུ་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད། མིག་སྔར་བྱིས་པ་དམར་འབྱར་གྱི་པགས་རིས་བརྒྱུད་ཐཱང་མིང་བའི་ཕྱོགས་བསྡུས་ནད་ཕོག་ཡོད་མེད་གནད་ལ་འཁེལ་ཚད་98%ཀྱིས་བརྡར་ཤ་གཅོད་ཐུབ་ཀྱི་ཡོད། 
     རྐང་ལག་སྐྱེ་འཚར་གྱི་འབྲེལ་ཡོད་གཞི་རྒྱུ་ཡིས་མཛུབ་རིས་ཀྱི་རི་མོ་ཆགས་པའི་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།
     དུས་ཡུན་རིང་པོའི་ནང་མི་རྣམས་ཀྱིས་མཛུབ་རིས་ནི་པགས་པ་དང་འབྲེལ་བ་ཡོད་པའི་རྒྱུད་འཛིན་གྱི་ཁྱད་ཆོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 2018ལོར་རང་རྒྱལ་གྱིས“མིའི་རིགས་ཀྱི་ཕྱི་རྣམ་ཚོ”ཡི་རྒྱལ་སྤྱིའི་ཚན་རིག་ཆེན་མོའི་འཆར་གཞི་བཏོན་ནས་མིའི་རིགས་ཀྱི་ཚེ་སྲོག་གི་ཁྱད་ཆོས་སྣ་ཚོགས་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྒྱུད་འཛིན་རིག་པའི་ཞིབ་འཇུག་བྱེད་ཀྱི་ཡོད།
     ཧྥུའུ་ཏན་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་སྒྲིག་གཞི་བཅུ་ལྷག་ཙམ་དང་མཉམ་འབྲེལ་བྱས་ནས་རིགས་རྒྱུད་མང་པོའི་མཛུབ་རིས་འཚོལ་བསྡུ་བྱས་པ་དང་། ས་ཡ་གཅིག་ཙམ་གྱི་རྒྱུད་འཛིན་གནས་ལ་དབྱེ་ཞིབ་བྱས་མཐར་རྐང་ལག་སྐྱེ་འཚར་གྱི་འབྲེལ་ཡོད་གཞི་རྒྱུ་ཡིས་མཛུབ་རིས་ཀྱི་རི་མོའི་ཕྱི་རྣམ་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་གཏན་འཁེལ་བྱས་པ་རེད། གྲུབ་འབྲས་ཆེན་པོ་འདི་ཟླ་1ཚེས་7ཉིན་རྒྱལ་སྤྱིའི་རྩེར་སོན་སྐྱེ་དངོས་རིག་པའི་དུས་དེབ《ཕྲ་ཕུང》དུས་དེབ་2022ལོའི་དུས་ཐེངས་དང་པོའི་ཐོག་འགོད་རྒྱུ་རེད།
     ལྷན་སྐྱེས་ཀྱི་ནད་གཞི་སྔ་ཙམ་བརྟག་དཔྱད་དང་མིའི་ལུས་ཁམས་ཀྱི་ནད་འགྱུར་སྔོན་འགོག་སོགས་ཀྱི་ཁྱབ་ཁོངས་སུ་རིན་ཐང་གལ་ཆེན་ལྡན་ངེས།
     མཛུབ་རིས་ཀྱི་གཞི་རྒྱུའི་གསང་ཨང་ཐོག་མར་སེལ་བ་དེ་ནི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཤིག་ཡིན་པར་མ་ཟད། མིའི་རིགས་ཀྱི་ཕྱི་རྣམ་ཚོ་ཞིབ་འཇུག་ལ་ཕུགས་ཀྱི་མདུན་ལམ་ལྡན་པ་ཡང་མཚོན་ཡོད།
     མིའི་ལུས་པོའི་ཕྱི་ངོས་ཀྱི་ཁྱད་ཆོས་དང་རྒྱུད་འཛིན་གཞི་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། ལྷན་སྐྱེས་ཀྱི་ནད་གཞི་སྔ་ཙམ་བརྟག་དཔྱད་དང་། མིའི་ལུས་ཁམས་ཀྱི་ནད་འགྱུར་སྔོན་འགོག ལས་རིགས་ཀྱི་གཟུགས་གཞི་གདམ་གསེས་སོགས་ཁྱབ་ཁོངས་ཁག་ཏུ་རིན་ཐང་གལ་ཆེན་ལྡན་ཡོད། མིག་སྔར་ཚན་ཞིབ་ཚོགས་པས་སྨན་བཅོས་སྒྲིག་གཞི་དང་མཉམ་ལས་བྱས་ནས་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ལག་ལེན་ཞིབ་འཇུག་བྱེད་རྒྱ་ཆེ་རུ་བཏང་ཡོད།
     ཝང་སི་ཅ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཐཱང་མིང་བའི་ཕྱོགས་བསྡུས་ནད་རྟགས་དཔེར་བཞག་ནས་བཤད་ན། གལ་ཏེ་ཕྲུ་གུ་ཞིག་བཙས་རྗེས་ཁོང་གི་མཛུབ་རིས་ཀྱི་ཁྱད་ཆོས་འཚོལ་བསྡུ་ཐུབ་ཚེ། ཕྲུ་གུ་དེར་ཐཱང་མིང་བའི་ཕྱོགས་བསྡུས་ནད་ཕོག་ཡོད་མེད་གནད་ལ་འཁེལ་ཚད་98%ཀྱིས་བརྡར་ཤ་གཅོད་ཐུབ་ཀྱི་ཡོད། སྐྱེས་མ་ཐག་པའི་སྐབས་དང་ལོ་གཉིས་ཀྱི་སྐབས་སུ། སྨན་བཅོས་བྱེད་པའི་ཕན་འབྲས་ཧ་ཅང་མི་འདྲ་སྟེ། ཕྱིས་སུ་ནད་པའི་འཚོ་བ་རང་མགོ་ཐོན་ཐུབ་མིན་གྱི་ཁྱད་པར་ཐོན་སྲིད།
༄༅།།ཁྱོད་ཀྱི་མཛུབ་རིས་ལ་གསང་བ་འདི་དག་ཡོད།