འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་7ཉིན།

༄༅།།མཚོ་སྔོན་དུ་ཚན་ཞིབ་ཡིད་རྟོན་གྱི་བླང་བྱ་ལས་འགལ་བའི་མི་39ལ་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་07ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཚན་ཞིབ་ཡིད་རྟོན་གྱི་བླང་བྱ་ལས་འགལ་བའི་ཝང་མིང་ཆང་སོགས་མི་39ཡི“ཁུ་ནུའི་བློ་གྲོས་ཅན”གྱི་ཤེས་ལྡན་མི་སྣའི་མཚན་སྙན་མེད་པར་བཟོ་བ་དང་། ཚན་ཞིབ་རྣམ་གྲངས་ཀྱི་གྲོན་དངུལ་དང་བྱ་དགའི་དངུལ་བསྡུ་བ། གཟི་བརྗིད་མཚན་སྙན་མེད་པར་བཟོ་བ་བཅས་བྱེད་རྒྱུའི་ཐག་གཅོད་བྱས་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གདན་འདྲེན་ཞུ་རིང་ངམ་ཡང་ན་རྣམ་གྲངས་ལག་བསྟར་བྱེད་རིང་རང་དགར་ལས་ཀའི་ཚན་པ་བརྗེ་བ་དང་། ལས་གནས་ཀྱི་འོས་འགན་ལག་བསྟར་མི་བྱེད་པ། སྒྲིག་འགལ་ཁྲིམས་འགལ་སོགས་ཀྱི་གནས་ཚུལ་ཡོད་པའི་ཝང་མིང་ཆང་སོགས་མི་39ཡི་ཤེས་ལྡན་མི་སྣའི་མཚན་སྙན་མེད་པར་བཟོས་པ་དང་ལག་ཁྱེར་བསྡུས་པ་མ་ཟད། གཏོང་སྤྲོད་བྱས་པའི་རོགས་དངུལ་དང་གྲོན་དངུལ་ལྷག་མ་བསྡུས་པ་སོགས་ཀྱི་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་མི་སྤྱོད་ཚན་པས་2021ལོའི་ཟླ་12ཚེས་30ཉིན་གྱི་གོང་གཏོང་སྤྲོད་བྱས་པའི་རོགས་དངུལ་དང་གྲོན་དངུལ་ལྷག་མ་སློག་ཏུ་བཅུག་པ་རེད།
   མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལིན་ཡོན་ཚང་གིས་ཚན་ཞིབ་ཡིད་རྟོན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཚན་ཞིབ་ཡིད་རྟོན་གྱི་བླང་བྱ་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་ལ་ཚེ་གང་བདའ་འདེད་གཏོང་བ་དང་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་ཀྱི་ཡིན་ཞེས་བཤད།