འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་6ཉིན།

༄༅།།མཚོ་སྔོན་གྱི་རིག་གནས་པ་39ལ་ཆད་པ་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་06ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚན་ཞིབ་ཡིད་རྟོན་གྱི་བླང་བྱ་དང་འགལ་བ་སོགས་ཀྱི་རྐྱེན་པས་ཝང་མིང་ཆང་སོགས་མི་39ལ“ཁུ་ནུའི་འཇོན་མི་”ཡི་མཚན་སྙན་མེད་པར་བཟོ་བ་དང་། ཚན་ཞིབ་རྣམ་གྲངས་ཀྱི་འགྲོ་གྲོན་བདའ་འདེད་གཏོང་བ། བྱ་དགའི་དངུལ་བདའ་འདེད་གཏོང་བ། གཟི་བརྗིད་མཚན་སྙན་མེད་པར་བཟོ་བ་སོགས་ཀྱི་ཐག་གཅོད་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གདན་ཞུའི་དུས་ཡུན་ནང་ངམ་ཡང་ན་རྣམ་གྲངས་ལག་བསྟར་བྱེད་རིང་ལས་དོན་ཚན་པ་རང་དགར་བསྒྱུར་བ་དང་། ལས་གནས་སུ་འོས་འགན་མ་བསྒྲུབ་པ། སྒྲིག་འགལ་ཁྲིམས་འགལ་བྱས་པ་སོགས་ཀྱི་གནས་ཚུལ་མི་འདྲ་བ་ཡོད་པའི་ཝང་མིང་ཆང་སོགས་མི་39ལ་ཤེས་ལྡན་མི་སྣའི་མཚན་སྙན་དང་ལག་ཁྱེར་མེད་པ་བཟོས་ནས། དེ་སྔའི་བརྒྱུད་ལམ་ནས་སྤྲད་པའི་རོགས་སྐྱོར་གྲོན་དངུལ་དང་གྲོན་དངུལ་ལྷག་འཕྲོ་སོགས་ཕྱིར་བསྡུ་བའི་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག  མི་སྤྱོད་ཚན་པས་2021ལོའི་ཟླ་12ཚེས་30ཉིན་གོང་། དེ་སྔའི་བརྒྱུད་ལམ་ཐོག་ནས་སྤྲད་པའི་རོགས་སྐྱོར་གྲོན་དངུལ་དང་གྲོན་དངུལ་ལྷག་འཕྲོ་ཕྱིར་སློག་བྱེད་དགོས་པ་རེད།