འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་1ཉིན།

༄༅།།མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོ་ནས་བཟའ་ཟླ་དང་ཕ་མ་བུ་ཕྲུག་གི་འབྲེལ་
ཡོད་སྨན་བཅོས་འགྲོ་གྲོན་གཏང་ཆོག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་01ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་རོགས་འགན་ལེན་ལག་བསྟར་བྱ་ཐབས》བཀྲམ་པ་རེད། བྱ་ཐབས་ནང་གཏན་འབེབས་བྱས་དོན། འགན་བཅོལ་ལ་ཞུགས་མཁན་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་འགན་བཅོལ་ལ་ཞུགས་མཁན་རང་ཉིད་དང་དེ་བཞིན་དེའི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་སྤྱད་ཆོག་པ་དང་། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་ནས་སྨན་རྫས་དང་། སྨན་བཅོས་ཡོ་ཆས། སྨན་སྤྱོད་རྒྱུ་ཆ་ཉོས་པའི་འགྲོ་གྲོན་གྱི་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་བཟོའི་སྨན་གྲོན་ཆེ་རིགས་ཀྱི་ཁ་གསབ་མི་སྒེར་གྱིས་འགྲོ་གྲོན་སྐྱེལ་དགོས།
    བྱ་ཐབས་དེ་2021ལོའི་ཟླ་12ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་རེད།