འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་30ཉིན།

༄༅།།ཟླ་དང་པོ་ནས་བཅུ་པ་བར་མཚོ་སྔོན་གྱི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་པོ་ཡོད་པ། Ⅰརིགས་ནས་Ⅲརིགས་བར་གྱི་བཅད་ངོས་བསྡུར་གྲངས་100%ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་30ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་1པོ་ནས་10པ་བར། མཚོ་སྔོན་གྱི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་པོ་ཡོད་པ་དང་Ⅰརིགས་ནས་Ⅲརིགས་བར་གྱི་བཅད་ངོས་བསྡུར་གྲངས་100%ཟིན་པ་དང་། Ⅴཞན་རིགས་ཀྱི་བཅད་ངོས་བསྡུར་གྲངས་0རེད།
     འདི་ལོ་ཚུན་དུ། མཚོ་སྔོན་གྱིས་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་སྤྱི་འདོམས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས་དང་ས་ཁུལ་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་དང་ཆུ་སྤུས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚོད་འཛིན་ནན་པོ་བྱས་པ། བཅད་ངོས་རེ་ཟུང་གི་ཆུ་སྤུས་འཕར་ཆག་ལ་དམིགས་ཏེ་དུས་ཐོག་ཏུ་སྔོན་བརྡ་བཏང་བ། ཆར་ཞོད་སྐབས་ཆུ་སྤུས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ། ཆུ་ལྗང་སྲུང་བའི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་བརྒྱུད། ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་པ་རེད།
     ཆུའི་ཁོར་ཡུག་གི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་འཇུར་མིག་གི་གནད་དོན་རྦད་དེ་ཐག་གཅོད་བྱ་ཆེད། མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་བེད་སྤྱོད་གནས་ཚུལ་ལ་ཆེད་དོན་ལྟ་ཞིབ་དང་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་དང་། གཙོ་གནད་འབབ་རྒྱུད་དང་གཙོ་གནད་ཁུལ་ཁུངས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིགས་ཏེ་གཙང་པོ་དང་མཚོའི་བདག་སྐྱོང་དང་ཆུའི་ཐོན་ཁུངས་བེད་སྤྱོད། ཆུའི་སྐྱེ་ཁམས་སྲུང་སྐྱོང་། བེད་མེད་དངོས་པོའི་དོ་དམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་བཅས་སྤྱི་ཡོངས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།