འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་30ཉིན།

༄༅།།མཚོ་སྔོན་ཟི་ལིང་གིས་འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པར་བཟོས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་30ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། གོང་དུ་ཞུས་ནས་ཆོག་མཆན་ཐོབ་རྗེས། ཟླ་11ཚེས་25ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པར་བཟོས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་28ཉིན། ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་བཀོད་འདོམས་པུའི་བརྡ་ཐོ་ཐེངས་བཞི་བཏང་ནས་སྔ་རྗེས་སུ་ཤིང་ཧའེ་ལམ་གྱི་སྒོ་རྟགས་30པ་སོགས་ས་ཆ་15བཀག་སྡོམ་ཚོད་འཛིན་ཁུལ་དང་། ཧའེ་ཧུའུ་ཁུལ་གསར་གྱི་ཕྱོགས་བསྡུས་བཀོད་སྒྲིག་ཁུལ་ཆུང་སོགས་ས་ཆ་8དོ་དམ་ཚོད་འཛིན་ཁུལ། གྲོང་ནུབ་ཁུལ་སྲིད་འཛིན་ཁུལ་གྱི་ས་ཆ་5འགོག་སྲུང་ཁུལ་དུ་བྱེ་བ་རེད། བཀག་སྡོམ་ཚོད་འཛིན་དང་དོ་དམ་ཚོད་འཛིན་བྱེད་རིང་ཁྱིམ་དུ་ལོགས་སུ་སྡོད་པ་དང་། ཉིང་སྐྱུར་བརྟག་དཔྱད། སེམས་གསོ། བདེ་ཐང་བརྟག་དཔྱད། འཚོ་བའི་མཁོ་ཆས་དང་སྨན་བཅོས་དངོས་ཟོག་འགན་ལེན། དུག་སེལ། གད་སྙིགས་རིགས་དབྱེ་སྐྱེལ་འདྲེན། སྐོར་གཡེང་དང་ལས་རེས་སོགས་ཀྱི་ལས་དོན་དོན་འཁྱོལ་ནན་པོ་བྱས་ཡོད་པ་རེད། ཟླ་11ཚེས་19ཉིན་བར། ཟི་ལིང་གྲོང་ཁྱེར་གྱི་བཀག་སྡོམ་ཚོད་འཛིན་ཁུལ་15དང་དོ་དམ་ཚོད་འཛིན་ཁུལ་18ཚང་མའི་བཀག་སྡོམ་དང་ཚོད་འཛིན་མེད་པར་བཟོས་པ་དང་འབྲེལ་འགོག་སྲུང་ཁུལ་དུ་གཏན་འཁེལ་བྱས་ཡོད།
     འགོག་སྲུང་ཁུལ་གྱི་དོ་དམ་ཚོད་འཛིན་མེད་པར་བཟོས་རྗེས་ཟི་ལིང་གྲོང་ཁྱེར་གྱིས་སྡེ་ཁུལ་དང་། སྒྲིག་གཞི་གཙོ་བོ། གནས་གཙོ་བོ། གཙོ་གནད་མི་ཚོགས་སོགས་ཀྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།