འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་30ཉིན།

༄༅།།འཛམ་གླིང་གི་ནུས་རྒྱུ་གསར་པའི་གློག་སྙོམས་འཕྲུལ་ཆས་ཁྱུ་ཚོགས་ཆེ་ཤོས་མཚོ་སྔོན་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་30ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུའུ་ཡུས་330kVཕྱོགས་བསྡུས་ས་ཚིགས་3པའི་ལེགས་སྒྲིག་པར་ཆས་ཆུ་ཚོད་168ཡི་ཚོད་ལྟའི་འཁོར་སྐྱོད་མཇུག་འགྲིལ་རྗེས། “ཆིང་ཡུས་ཐད་རྒྱུག”གི་ཆེས་གློག་ཆེན་ལས་གྲྭའི་དུས་ཐེངས་དང་པོའི་གློག་ཆན་ཝ་ཁྲི་405ཡི་ལེ་ལག་ཚང་བའི་གློག་ཁུངས་ས་ཚིགས་ཀྱི་ཁག་དང་པོའི་ཀྲའོ་ཝ་50ཡི་གློག་སྙོམས་འཁྲུལ་ཆས་རྣམ་གྲངས་16ཚང་མ་དྲ་སྦྲེལ་ཐུབ་སྟེ་སྤྱོད་འགོ་ཚུགས་པ་དང་། དམིགས་ཚད་ཁག་ཡག་པོ་ཡོད་པས་འཛམ་གླིང་གི་ནུས་རྒྱུ་གསར་པའི་གློག་སྙོམས་འཕྲུལ་ཆས་ཁྱུ་ཚོགས་ཆེ་ཤོས་དངོས་སུ་གྲུབ་པ་མཚོན་པ་དང“ཆིང་ཡུས་ཐད་རྒྱུག”ལས་གྲྭར་ཆན་ཝ་ཁྲི་400ཡི་གློག་གཏོང་ནུས་པ་ལྡན་པ་འགན་ལེན་ནུས་ལྡན་ཐུབ་སྲིད།
     ཉེ་བའི་ལོ་ཤས་རིང་། ཆེས་གློག་ཆེན་གྱི་ཐད་རྒྱུག་གློག་གཏོང་དེ་ཆུ་དང་། རླུང་། འོད་སོགས་དྭངས་གཙང་ནུས་རྒྱུ་ས་ཁོངས་བསྒྲལ་ནས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་ནུས་རྒྱུ་གསར་པའི་གློག་འདོན་ལ་སྐབས་བསྟུན་རང་བཞིན་དང་། བར་མཚམས་རང་བཞིན། འཕར་ཆག་རང་བཞིན་བཅས་ཀྱི་གནད་དོན་ཡོད་པ་མ་ཟད། མཚོ་སྔོན་མཚོ་ལྷོ་ས་ཁུལ་གྱི་རྒྱུན་གཏན་གློག་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཅུང་ཆུང་ཞིང་གློག་གནོན་གྱི་འདེགས་སྐྱོར་ནུས་པ་བལྟོས་བཅས་ཀྱིས་ཞན་པ་ཡོད་པས། ནུས་རྒྱུ་གསར་པའི་གློག་ཁང་གི་རྒྱུན་གཏན་གྱི་གློག་གཏོང་ནུས་པ་འདོན་པར་ཚོད་འཛིན་ཚབས་ཆེན་བཟོ་གི་ཡོད། ནུས་རྒྱུ་གསར་པའི་གློག་སྙོམས་འཕྲུལ་ཆས་ཀྱི་མ་ལག་སྟབས་བདེ་བ་དང་། འདུས་ཚད་མཐོ་བ། སྙོམས་སྒྲིག་གི་ནུས་པ་ལེགས་པ་སོགས་ཀྱི་དགེ་མཚན་ལྡན་པས། མ་ལག་གི་འགུལ་རྣམ་ལ་རྩོལ་མེད་གསོག་འཇོག་གི་ནུས་པ་འདོན་ཐུབ་ལ། ནུས་རྒྱུ་གསར་པའི་གློག་ཁང་ལ་གནས་སྐབས་རྣམ་པ་དང་བརྟན་ལྷིང་རྣམ་པའི་བརྒྱུད་རིམ་ཧྲིལ་པོར་རྩོལ་མེད་ཁ་གསབ་དང་གློག་གནོན་འདེགས་སྐྱོར་མཁོ་འདོན་ཐུབ་ནས“ནུབ་གློག་ཤར་སྐྱེལ”གྱི་བགྲོད་ལམ་གལ་ཆེན་གྱི་ནུས་རྒྱུ་གསར་པའི་སྐྱེལ་འདྲེན་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་བ་དང་། གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པའི་གཅིག་སྡུད་གསར་སྤེལ་ཐད་དཔྱད་གཞི་དང་དཔེ་སྟོན་གྱི་ནུས་པ་ཐོན་སྲིད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་གློག་སྙོམས་འཕྲུལ་ཆས་21བཀོད་སྒྲིག་བྱས་པ་དེ་ཕྱོགས་བསྡུས་ས་ཚིགས་5ལ་ཁྱབ་ནས་གློག་སྙོམས་འཕྲུལ་ཆས་ཚང་མ་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན། མཚོ་སྔོན་མཚོ་ལྷོ་ས་ཁུལ་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆན་ཝ་ཁྲི་315མང་དུ་འགྲོ་བ་དང་། ལོར་ཆ་སྙོམས་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་70.2མང་དུ་འགྲོ་བ་དེ་རྡོ་སོལ་ཏུན་ཁྲི་318.9སྤྱོད་ཚད་ཉུང་དུ་ཕྱིན་པ་དང་གཅིག་མཚུངས་རེད། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་574.2ཉུང་དུ་བཏང་སྟེ་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་འགྲོ་སྲིད།