འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་29ཉིན།

༄༅།།མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡིས“ཀྲོའུ་དང་ཁེ་ལས་ཀྱིས་མཉམ་སྐྲུན”བྱེད་སྒོ་སྤེལ་ཏེ་ནུས་རྒྱུ་གསར་པའི་རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་29ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚོགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི“ཀྲོའུ་དང་ཁེ་ལས་མཉམ་སྐྲུན”བྱེད་སྒོ་སྤེལ་བ་དང་། ས་གནས་ས་ཐོག་ཏུ་ཁེ་ལས་ལས་འགོ་འཛུགས་པ་དང་འཛུགས་སྐྲུན་གྱི་གནས་ཚུལ་ཤེས་རྟོགས་དང་། གནད་དོན་དང་དཀའ་ངལ་མཐུན་སྦྱོར་ཐག་གཅོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ནས། རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་ཆེན་པོ་འཛུགས་སྐྲུན་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་དུས་བཀག་ལྟར་ལས་འགོ་འཛུགས་པའི་འགན་ལེན་བྱས་པ་རེད།
     ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་གཙོ་ཤུགས་རྟེན་གཞིའི་ངོས་ནས། མཚོ་ལྷོ་ཀྲོའུ་ཡིས་རང་འགུལ་ངང་ལས་དོན་སྤེལ་བ་དང་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ། འོད་ཤུགས་རྣམ་གྲངས་ཀྱི་ས་ཆ་བསྡུ་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད། ཁེ་ལས་ཁག་གཅིག་གི་མ་དངུལ་འཁོར་རྒྱུག་ལ་དཀའ་ངལ་ཕྲད་དེ་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་སྤྲོད་པར་ཤུགས་རྐྱེན་ཐེབས་པར་དམིགས་ནས། མཚོ་ལྷོ་ཀྲོའུ་ཡིས་དུས་ཐོག་ཏུ་མ་དངུལ་སྒོར་དུང་ཕྱུར་1སྔོན་ལ་སྤྲད་ནས་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་གྱི་ཆ་ཤས་ཤིག་སྤྲོད་པའི་གཏན་འབེབས་བྱས་པས། སྤྱི་ཆིང་ཁྲི་1.73གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་ས་ཆ་བསྡུ་ལེན་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་ཐུབ་ཡོད། རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་པར་མཁོ་བའི་ས་ཆ་དང་ནགས་ཚལ་རྩྭ་ཐང་ལ་དམིགས་ཏེ་ཁྱོན་བསྡོམས་ཆ་རྐྱེན་གལ་ཆེན་25བཏོན་ནས། རྣམ་གྲངས་9དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ལས་སྒྲུབ་མི་སྣས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་པ་གསུམ་གྱི་འཕེལ་སྒྱུར་ཨུ་ལྷན་དང་། རང་བྱུང་ཐོན་ཁུངས། ནགས་ལས་དང་རྩྭ་ཐང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྡེ་ཚན་དང་མཉམ་དུ་རང་སར་གཞུང་དོན་བསྒྲུབས་ནས། མཉམ་དུ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་བ་དང་། “རྗེས་འདེད་དང་འདྲི་རྩད་ཟུང་འབྲེལ་གྱི་ཞབས་འདེགས”དང“ཆད་རུང་+ཁས་ལེན་+བུ་རྫི་རྣམ་པའི་ཞབས་འདེགས”ཀྱི་ལས་དོན་སྒྲུབ་སྟངས་ཧུར་ཐག་སྤྱད་པ། ཉིན་མཚན་དབྱེར་མེད་དང་ཞིབ་མཆན་ཉིན་གཅིག་ཀྱང་མི་འགྱངས་བའི་ལས་དོན་ལམ་སྲོལ་ཁྱབ་གདལ་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྱི་གསལ་ཐོ་དང་ཆོག་མཆན་ཞུ་བའི་གསལ་ཐོ་བཟོ་བ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ཞབས་འདེགས་དང་ལྟ་སྐུལ་མཛུབ་ཁྲིད་ལག་ལེན་བསྟར་བ་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དུ་ལྷག་པའི་ཁེ་ལས་ཀྱི་དཀའ་གནད་དུས་ཐོག་ཏུ་མཐུན་སྦྱོར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་སྟེ་མཚོ་ལྷོ་ཀྲོའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད།