འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་29ཉིན།

༄༅།།མཚོ་སྔོན་མཚོ་ནུབ་ཏུ་མ་དངུལ་འཇོག་པའི་བར་མཐོངས་རྒྱ་སྐྱེད་བཏང་བས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་29ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་་ཇི་ལྟར་བྱེད་དམ་ཞེ་ན། འདི་ལོ་ནས་བཟུང་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མཁོ་སྤྲོད་གྲུབ་ཆ་ལེགས་གཏོང་དང་དགོས་མཁོ་ནུས་ལྡན་ལ་སྐུལ་ཁྲིད་བྱེད་པའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མ་དངུལ་སྟོན་ཕྱོགས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཐོག་མ་དངུལ་འཕར་བའི་བར་མཐོངས་རྒྱ་སྐྱེད་བཏང་བར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
     མ་དངུལ་འཇོག་པའི་ཁྱབ་ཁོངས་གསར་པ་རྒྱ་ཆེར་གཏོང་བར་དམིགས་ནས་མཚོ་སྔོན་ཀྲོའུ་ཡིས་འཕར་རྒྱུ་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་ཐད་ཀྱི་མ་དངུལ་འཇོག་པའི་སྲོག་ཤིང་ནུས་པ་ནུས་ཤུགས་ཡོད་རྒུས་བཏོན་ཏེ་རེས་སྐོར་གསར་པའི་མ་དངུལ་ནུས་ལྡན་འཇོག་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་གཙོ་གནད་རྣམ་གྲངས་དོན་འཁྱོལ་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་ཞན་ཆ་མགྱོགས་མྱུར་བསལ་ཡོད། རྣམ་གྲངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་སྟེ“གསར་པ་གཉིས་དང་གཙོ་གནད་གཅིག”དང་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམིགས་ནས་རྨང་གཞི་བརྟན་པོ་དང་། ནུས་པ་འཕེལ་བ། ཕུགས་ལ་ཕན་པ་བཅས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གྲབས་གསོག་ཇུས་འགོད་བྱས་ཐོག་5Gདྲ་རྒྱ་དང་། གྲངས་གཞིའི་ལྟེ་གནས། མིས་བཟོས་རིག་ནུས། བཟོ་ལས་དྲ་སྦྲེལ། རིག་ནུས་འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་བཀོད་སྒྲིག་བྱས་པ་རེད།
     འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཆེད་བགྲོད་ལམ་གལ་ཆེན་སྦྲེལ་མཐུད་ཀྱི་ལས་གྲྭ་དང་། སྣུར་སྲིང་ལས་གྲྭ འགག་རྩའི་ལྟེ་བའི་ལས་གྲྭ་བཅས་ཁག་གཅིག་ལག་བསྟར་བྱས་པ་རེད། གཙོ་གནད་སྐྱེ་ཁམས་གླིང་དང་གཙང་པོ་དང་མཚོ་རྒྱུག་ཁུལ་གྱི་མ་ལག་རིག་ནུས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་ནུས་ལྡན་བཞག་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ”གྱི་སྐུལ་སྤེལ་ཕན་འབྲས་ཐོན་པར་བྱས་ཡོད། ཐོན་ལས་གྲུབ་ཆ་བཟང་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྲ་བརྟན་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་གཏོང་བ། དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་པ་བཅས་གཙོ་གནད་དུ་བྱས་ཏེ་རྣམ་གྲངས་སྐྲུན་པར་རྒྱུ་རྐྱེན་གྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་འགོ་འཛུགས་ས་མཐོ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་གཙོ་གནད་ཐོན་ལས་ལ་མ་དངུལ་འཇོག་པའི་ཁྱབ་ཁོངས་ཁག་གཅིག་ཆགས་པ་རེད།