འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་29ཉིན།

༄༅།།མཚོ་སྔོན་གྱི་རྒྱལ་ཁབ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་ན་ནིང་གི་དུས་
མཚུངས་ལས་20%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་29ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོ་གསར་འགྱུར་དྲ་བ་ཟི་ལིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་2021ལོའི་ལོ་འཁོར་གྱི་ཁག་བཞི་པའི་མཛོད་འཇུག་གི་རྒྱལ་ཁབ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཟིན་པ་རེད། མིག་སྔའི་བར་ཞིང་ཆེན་དེའི་རྒྱལ་ཁབ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་212ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་20%འཕར་ནས་འཕར་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས《ཚན་རྩལ་གསར་གཏོད་མ་ལག་ལེགས་སུ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཇུས་བྱ་ཐབས་འགའ་ཞིག》ལ་དམིགས་ནས།《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་གཏན་འཁེལ་དོ་དམ་བྱ་ཐབས》བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་འཛིན་ཡིག་དོ་དམ་བྱ་ཐབས》སོགས་ལྷན་སྦྱར་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ། ཚན་རྩལ་ཁེ་ལས་ཀྱི་བྱ་དགའ་དང་། གསར་གཏོད་འཛིན་ཡིག ཞིབ་འཇུག་གསར་སྤེལ་གྲོན་དངུལ་གསབ་སྣོན་དང་ཉུང་གཏོང་གི་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། ཁེ་ལས་ལ་ཚན་རྩལ་གསར་གཏོད་བྱ་རྒྱུའི་རྒྱབ་སྐྱོར་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་ཏུ་བཏང་སྟེ། ཞིང་ཆེན་དེའི་ཚན་རྩལ་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་པ་རེད།