འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་29ཉིན།

༄༅།།ཟི་ལིང་གྲོང་ཁྱེར་གྱིས། གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དགུན་དུས་ཆེད་དོན་བྱ་སྤྱོད་ལ་སྐུལ་སློང་
དང་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་29ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱི་ལས་ཞུགས་ལ་སྐུལ་འདེད་དང་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་སྐུལ་སློང་བཀོད་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དགུན་དུས་ཆེད་དོན་བྱ་སྤྱོད་སྤེལ་ནས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་དང་གླ་ཆ་འགྱངས་ཆད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། གྲལ་བཤེར་ཐུབ་པ་དང་བདག་སྤྲོད་བྱས་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་དམིགས་བསལ་གྱི་བྱ་ཐབས་སྤྱད་དེ་གླ་ཆ་འགྱངས་ཆད་བྱས་རིགས་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུ་དང་། སྲིད་གཞུང་གི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་བྱས་རིགས་ཚང་མ་ཐར་པར་དུ་གཏོང་རྒྱུ་མིན་པ་རེད།
    ཟི་ལིང་གྲོང་ཁྱེར་གྱིས་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དགུན་དུས་ཆེད་དོན་བྱ་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ། ཐག་གཅོད་བྱེད་དཀའ་བ་དང་ཡུན་རིང་ནར་འགྱངས་བྱས་ནས་ཐག་གཅོད་མ་ཐུབ་པའི་རྙོག་འཛིང་ཆེ་བའི་དཀའ་གནད་ཀྱི་གྱོད་གཞིར་སུས་གཙོ་འགན་འཁུར་ན་དེས་འགན་འཁུར་བའི་རྩ་དོན་ལྟར་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེད་དམིགས་གྱོད་གཞིའི་ཚོགས་ཆུང་འཛུགས་པ་དང་། མིང་སྦྱར་སྒྲུབ་སྐུལ། དམིགས་བསལ་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་དམ་འཛིན་མཐའ་གཅིག་ཏུ་བྱ་རྒྱུ་དང་། བྱ་སྤྱོད་སྤེལ་རིང་ཡ་མེད་ཀྱིས་གླ་ཆ་འགྱངས་ཆད་བྱེད་མཁན《སྲོལ་ཡིག》ལ་བརྟེན་ནས་ཐག་གཅོད་ནན་པོ་དང་ཆད་པ་ནན་ཤོས་གཅོད་རྒྱུ་ཡིན་པ། སྲིད་གཞུང་གི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་བྱས་རིགས་ལ་ཐར་པ་གཏན་ནས་མི་གཏོང་བར་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་གླ་ཆ་འགྱངས་ཆད་ཀྱི་གནད་དོན་དང་གླ་ཆ་འགྱངས་ཆད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། གྲལ་བཤེར་ཐུབ་པ་དང་བདག་སྤྲོད་བྱས་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་གླ་ཆ་འགྱངས་ཆད་བྱས་རིགས་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུ་དང་། ངལ་རྩོལ་ཐོབ་ཆ་མ་སྤྲད་པར་གཏོགས་པའི་ཉེས་གསོག་གྱོད་གཞི་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། “མིང་ཐོ་ནག་པོའི”ནང་འཇུག་པའི་ཚད་གཞི་དང་མཐུན་པའི་ཁེ་ལས་དང་མི་སྣར“འཇུག་དགོས་རིགས་ཚང་མ་འཇུག་ཐུབ་པ”བྱ་རྒྱུ། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་མཐའ་གཅིག་ཏུ་དམར་འདོན་བྱས་ནས་ཆད་གཅོད་དང་བསླབ་འདོམས་མཉམ་དུ་བྱ་རྒྱུ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ཀྱི་ལས་དོན་དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་འགྱུར་སྨྱན་སྦྱོར་དང་དྲ་རྒྱའི་ཐོག་ཐོན་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་པ་དང་། མགྱོགས་མྱུར་ཞིབ་དཔྱད་ཐག་གཅོད་བྱེད་པ། སྨྱན་སྦྱོར་གྱི་དོ་ཁུར་བྱ་ཡུལ་ལ་རང་འགུལ་ངང་ལན་བརྒྱབ་པ་བཅས་བྱས་ནས་ཆེད་དོན་བྱ་སྤྱོད་ལ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།