འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་རྟེན་གཞི་ཐོག་མའི་སྒོ་བྱང་གི་ཁེབས་རས་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྗོངས་ལོ་ཆུང་གདོང་ལེན་ལས་དོན་ཨུ་ལྷན་གྱིས་བཙུགས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་ཐོག་མའི་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོ་མཐའ་ཡས་མེ་ཏོག་མཛེས་དཔྱོད་སློབ་གསོ་གསོ་སྐྱོང་ལྟེ་གནས་སུ་འཚོགས་པ་རེད།
     མཛད་སྒོའི་ཐོག བྱེད་སྒོར་ཞུགས་མཁན་འབྲེལ་ཡོད་འགན་འཁུར་བས་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཁེབས་རས་མཉམ་དུ་ཕྱེ་ཞིང་། དེ་རྗེས་མཐའ་ཡས་མེ་ཏོག་མཛེས་དཔྱོད་སློབ་གསོ་གསོ་སྐྱོང་ལྟེ་གནས་ཀྱི་མོ་ཐྲོལ་ཆུང་ཆུང་ཚོས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པར་ལྟད་མོ་བའི་ཡིད་དབང་འཕྲོགས་པ་རེད།
     དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སློབ་ཕྱིའི་ལག་ལེན་སློབ་གསོའི་ཐད་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་མིའི་དགོས་མཁོ་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་རྟེན་གཞི་བསྐྲུན་པ་དེས་ལོ་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལེགས་ཆ་གང་ལེགས་འདོན་པ་དང་། སློབ་ཕྱིའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་སྐྱོན་བྲལ་ཡར་ཐོན་གྱི་ལོ་ཆུང་བྱིས་པའི་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ། ལོ་ཆུང་བྱིས་པའི་སྣེ་ཁྲིད་དེ་ཚན་རིག་རིག་གནས་ལ་བརྩི་མཐོང་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ཏེ། སློབ་ཕྱིའི་ལག་ལེན་བྱེད་སྒོའི་གཡུལ་ས་དེ་ལོ་ཆུང་གདོང་ལེན་རུ་ཁག་གིས་ལག་ལེན་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་དང་ལེན་བྱེད་པའི་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་གཏོད་རྒྱུ་ཡིན་པ་རེད།
     བོད་རང་སྐྱོང་ལྗོངས་ལོ་ཆུང་གདོང་ལེན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་མེ་ཡིས་གསར་འགོད་པར། “རྒྱལ་ཁབ་ཀྱི‘ཁུར་པོ་ཡང་གཏོང་གཉིས’ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་གྱི་ལས་དོན་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་ཆེད། གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་དང་ལྗོངས་ལོ་ཆུང་གདོང་ལེན་ལས་དོན་ཨུ་ལྷན་གྱིས་སློབ་ཕྱིའི་ལག་ལེན་རྟེན་གཞི་འཛུགས་སྐྲུན་གྱི་ལས་དོན་ཧུར་ཐག་སྤེལ་ཡོད། དེའི་དམིགས་ཡུལ་ནི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་རྩ་འཛུགས་དང་ལས་དོན་ཁྱབ་རྒྱ་ཆེ་རུ་བཏང་ནས། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་སློབ་ཕྱིའི་ལག་ལེན་བྱེད་སྒོར་སྤྱི་ཚོགས་ལག་ལེན་གྱི་ནུས་པའི་སྦྱོང་བརྡར་མང་ཙམ་བྱས་ཏེ། ལོ་ཆུང་བྱིས་པའི་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་འཚར་ལོངས་ལ་སྐུལ་འདེད་གཏོང་ཆེད་རེད”ཅེས་བརྗོད་པ་རེད།
     “མཐའ་ཡས་མེ་ཏོག་མཛེས་དཔྱོད་སློབ་གསོ་གསོ་སྐྱོང་ལྟེ་གནས་དེ་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞིར་དངོས་སུ་གྱུར་ཡོད། དེ་ནི་ང་ཚོར་མཚོན་ན་མཚན་སྙན་ཁྱད་པར་ཅན་ཞིག་རེད་ལ་སྒུལ་ཤུགས་ཤིག་ཀྱང་རེད། སླད་ཕྱིན་ང་ཚོས་སྔར་བས་འབད་འཐབ་བྱས་ནས་མཛེས་དཔྱོད་སློབ་གསོ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་སློབ་གསོ་ཟུང་འབྲེལ་བྱས་ནས། ལོ་ཆུང་བྱིས་པ་སྔར་བས་མང་བར་སློབ་ཕྱིའི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་གྱི་ཡིན”ཞེས་མཐའ་ཡས་མེ་ཏོག་མཛེས་དཔྱོད་སློབ་གསོ་གསོ་སྐྱོང་ལྟེ་གནས་འཛུགས་མཁན་བློ་བཟང་སྒྲོལ་མས་བཤད།