འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་19ཉིན།

༄༅།།གཡག་རྔ་དང་དཀར་མཛེས་ཀྱིས་ལག་གདང་སྦྲེལ་ནས་ཉ་རྒྱ་བསྡམས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་19ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་གྱི་ནུབ་རྒྱུད་འཕྲིན་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་15ཉིན་གསར་འགོད་པས་གཡག་རྔ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་ཡིས་ཉེ་དུས་དུས་ཡུན་ལོ་10ཡི་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་མཉམ་འབྲེལ་ཁྲིམས་འཛིན་གྱི་བྱ་སྤྱོད་གྲོས་མཐུན་བཞག་པ་རེད། དེའི་དམིགས་ཡུལ་ནི་འབྲི་ཆུ་རྒྱུག་ཁུལ་དུ་ཉ་རྒྱ་བསྡམས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཉ་རྒྱ་སྡོམ་རིང་ཉ་འཛིན་མཁན་གྱི་གྲུ་དང་། དྲ་བ། ཉ་པ། ཉ་ལས་ཐོན་སྐྱེད་སོགས་མེད་པའི་འགན་ལེན་བྱ་རྒྱུ་དེ་རེད།
     གྲོས་མཐུན་དེ་ནི་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་རུ་མཉམ་འདྲེས་ཆུ་ཁོངས་རྒྱ་ཆེ་བ་དང་སྲུང་སྐྱོང་བྱེད་ཁོངས་རྒྱ་ཆེ་བའི་དོན་དངོས་གཞིར་བཟུང་བཟོས་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་ཉ་ལས་ཁྲིམས་འཛིན་བྱ་སྤྱོད་ཚོགས་ཆུང་བཙུགས་ནས། གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་ཡི་འབྲི་ཆུའི་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་ཀྱི་ཉ་རྒྱ་བསྡམས་པའི་མཉམ་འདྲེས་ཆུ་ཁོངས་སུ་ཉ་ལས་ཁྲིམས་འཛིན་གྱི་འགན་འཁུར་རྒྱུ་རེད།
     གྲོས་མཐུན་ནང་མཉམ་འབྲེལ་ཁྲིམས་འཛིན་གྱི་བྱ་སྤྱོད་ཀྱི་དུས་བཀག་དང་ལས་འགན་གཙོ་བོ་ཁ་གསལ་བཟོས་ཡོད། གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་ཡིས་ལོ་རེའི་དུས་ཚིགས་ཚང་མར་མཉམ་འབྲེལ་ཁྲིམས་འཛིན་གྱི་བྱ་སྤྱོད་ཐེངས་རེ(ལོ་ཧྲིལ་པོར་ཐེངས་བཞི)སྤེལ་རྒྱུ་རེད། གྲོས་མཐུན་གྱི་བླང་བྱ་གཞིར་བཟུང་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་ཀྱིས་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་རྒྱ་བསྡམས་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། 《ཉ་ལས་བཅའ་ཁྲིམས》དང《འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། “གྱོད་དཔེ་དྲངས་ཏེ་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུར”ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ“ཉ་འཛིན་མི་ནུས་པ་དང་། ཉ་མི་འཛིན་པ། ཉ་འཛིན་མི་འདོད་པ”བཅས་ཀྱི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ཅིག་ཡོད། གཙང་འགྲམ་གྱི་ཉ་འཛིན་ཡོ་བྱད་དང་ཉ་ལས་དང་འབྲེལ་བ་ཡོད་པའི“མེད་པ་གསུམ”གྱི་གྲུ་དང་ཐོན་སྐྱེད་རང་བཞིན་གྱི་ཉ་འཛིན་ལྕགས་ཀྱུ་ཚང་མ་གཙང་སེལ་བྱེད་པ་དང་། ཉ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱས་ནས་ཉ་ལས་ཐོན་ཁུངས་དང་དེ་བཞིན་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་རེད།