འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་3ཉིན།

༄༅།།སྣུམ་ཞིང་འདི་ནས་སྣུམ་འབོར་ཆེན་བྱུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་03ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྣུམ་ཞིང་འདི་ནས་སྣུམ་འབོར་ཆེན་བྱུང་།
   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན། གསར་འགོད་པས་ཀྲུང་གོ་རྡོ་སྣུམ་ཧྲེན་ལི་སྣུམ་ཞིང་ནས་ཤེས་རྟོགས་བྱུང་གསལ། ཧྲེན་ལི་སྣུམ་ཞིང་ཅི་དབྱང་རྡོ་གཡམ་སྣུམ་གྱི་རྩད་ཞིབ་ལ་བྱུང་ཡོད་པ་སྟེ། སྔོན་རྩིས་སྙན་ཞུ་བྱེད་ཐེངས་ཐོག་མའི་རྡོ་སྣུམ་ས་གཤིས་བསགས་ཚད་ལ་ཏུན་དུང་ཕྱུར་4.58ཡོད་པ་དང་། ཁྱོན་ཡོངས་ནས་གསར་སྤེལ་བྱེད་པའི་ཆ་རྐྱེན་འཛོམས་ཡོད། 
   ཟླ་10ཚེས་28ཉིན་བར། ཧྲེན་ལི་སྣུམ་ཞིང་དུ་ཆེད་དུ་རྡོ་གཡམ་སྣུམ་འཚོལ་ཞིབ་བྱེད་པའི་ཁྲོན་པ་4བརྐོས་པ་དང་། དེའི་ནང་ཧྥན་ཡེ་ཕིང་ཁྲོན་པ་1གིས་ཉིན་རེར་སྣུམ་ཏུན་171ཐོན་སྐྱེད་བྱས་པ་རྒྱལ་ནང་གི་ཁྲོན་པ་གཅིག་ནས་རྡོ་གཡམ་སྣུམ་ཐོན་ཚད་མང་ཤོས་ཀྱི་ཟིན་ཐོ་བཀོད། དེའི་ཐོག་ནས་ཧྲེན་ལི་སྣུམ་ཞིང་གི་རྡོ་གཡམ་སྣུམ་གྱིས་ཚོང་ལས་ཐོན་ནུས་ཀྱི་འཐབ་ཇུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་ཡོད་པ་རེད།
   ཐོག་མའི་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། ཧྲེན་ལི་སྣུམ་ཞིང་ཅི་དབྱང་རྡོ་གཡམ་སྣུམ་གྱི་ཐོན་ཁུངས་ནི་ཏུན་དུང་ཕྱུར་40ཡན་ཟིན་རྒྱུ་རེད།
༄༅།།སྣུམ་ཞིང་འདི་ནས་སྣུམ་འབོར་ཆེན་བྱུང་།