འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་28ཉིན།

༄༅།།ཀན་སུའུ་རུ་ཉེན་ཁ་འབྲིང་བའི་ས་ཁུལ་3གསར་འཕར་བྱུང་བ།

ཞིང་ཆེན་ཡོངས་སུ་ཡུལ་སྐོར་བྱེད་སྒོ་ཚང་མ་གནས་སྐབས་མཚམས་འཇོག་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་28ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་24ཉིན་ཀན་སུའུ་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་དུ་ཉེན་ཁ་འབྲིང་བའི་ས་ཁུལ་3གསར་འཕར་བྱུང་ཞིང་། གསར་འགོད་པར་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་ལ་འཕྲལ་མར་ཡུལ་སྐོར་བྱེད་སྒོ་ཚང་མ་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧའོ་ཡིས་ངོ་སྤྲོད་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱོགས་བསྡུས་ཚོད་སྐོར་དང་ཞིབ་འཇུག་བརྡར་གཅོད་དང་ཀན་སུའུ་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། ཟླ་10ཚེས་24ཉིན་གྱི་ཆུ་ཚོད་9པ་ནས་བཟུང་། ལན་ཀྲོའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཏུང་ཧུའུ་ཁུལ་ཆུང་དང་། ཀྲང་ཡེ་གྲོང་ཁྱེར་ཀན་ཀྲོའུ་ཆུས་ཅིང་ཤིའུ་ཅ་ཡོན(ལེང་ཅ་ཏུན་གྲོང་རྡལ་གྲོང་ཚོ་དྲུག་པ) ཀྲང་ཡེ་གྲོང་ཁྱེར་ཀན་ཀྲོའུ་ཆུས་ལུང་ཝང་མེའོ་ཁུལ་ཆུང་བཅས་ཉེན་ཁ་འབྲིང་བའི་ས་ཁུལ་དུ་བསྒྱུར་བ་རེད། མིག་སྔའི་བར་ཀན་སུའུ་ཞིང་ཆེན་དུ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་5ཡོད་པ་རེད།