འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་22ཉིན།

༄༅།།པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་པེ་ཅིང་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་6པ་ཙམ་ལ་ཀེ་རི་སེར་བསྐྱོད་མཁན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་འཐུས་མི་ཚོགས་པ་རྒྱལ་སའི་གནམ་ཐང་དུ་འབྱོར་བ་དང་སྦྲགས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་པེ་ཅིང་དུ་བདེ་བླག་ངང་འབྱོར་བ་རེད། མེ་སོན་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཉིན་དེའི་སྔ་དྲོ་རྒྱལ་ཁབ་ལུས་རྩལ་ཐང་ཡིན་པའི“བྱ་ཚང”གི་བྱང་ངོས་ཀྱི་ཨོ་ལིམ་ཕིག་ལྕགས་སྒྲོམ་ཡོད་སར་གཉེར་བ་རེད།